国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དགེ་རྒན་ཡིད་ཀྱི་ དེད་དཔོན།

ངར་རྣམ་དཔྱོད་བློ་མིག་གནང་མཁན་གྱི།།

མགོན་བཤེས་གཉེན་སྐུ་ཁམས་བདེ་མོ་ལགས།།

ངས་དགེ་རྒན་དུས་ཆེན་འཆར་ཉིན་འདིར།།

མགོན་སློབ་དཔོན་དྲན་བཞིན་རྟེན་འབྲེལ་ཞུ།།

མཁྱེན་ཤེས་བྱའི་ལྡུམ་རྭ་ཡངས་མོའི་ངོས།།

བརྩེ་བྱམས་སེམས་སྦྲང་ཆར་བབས་ཐེངས་རེར།།

ཁྱེད་རྣམ་རིག་འདབ་མ་གྲོལ་སེ་གྲོལ།།

ང་སློབ་བུའི་ཡིད་སེམས་མྱོས་སེ་མྱོས།།

སྒོམ་ཐོས་བསམ་མཚོ་མོ་བརྩོན་པས་རྐྱལ།།

རྩོམ་འཆད་རྩོད་ལ་མོ་རྡོག་པས་བཅད།།

ཐུགས་སྐུ་གསུང་དངོས་གྲུབ་ལེན་མཁས་ཀྱི།།

མགོན་བཤེས་གཉེན་དུས་ཆེན་སྐྱིད་པར་ཤོག།

ཁྱེད་ལྟ་སྒོམ་སྤྱོད་པའི་གཤོག་རྩལ་གྱིས།།

མཐོ་ཤེས་བྱའི་མཁའ་ལ་ལྡིང་དུས་སུ།།

བདག་སློབ་བུས་དད་གུས་སྐྱེ་བཞིན་དུ།།

རྟགས་རྟེན་འབྲེལ་འགྲིག་པའི་སྨོན་ལམ་འདེབས།།

དུས་ད་རེས་དགེ་རྒན་དུས་ཆེན་འདིར།།

ཁྱེད་ད་བར་སྐུ་ལས་ཁག་སོང་ཞུ།།

སྒོས་བདག་གི་དེད་དཔོན་ཁྱེད་མཆོག་ལ།།

ངས་ཆེད་དུ་སྐུ་དྲིན་ཆེ་ལགས་ཞུ།།

༼ བཙན་རྒོད། ༽