སྤྱི་ཟླ9པའི་ཚེས9ནས11ཉིན་བར། ཧང་ཀྲོའུ་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ། གྲོང་དཔོན་ཏུའུ་ཞུས་ལེའང་གིས་ཧང་ཀྲོའུ་གྲོང་ཁྱེར་གྱི་འཐུས་མི་ཚོགས་པའི་སྣེ་ཁྲིད་དེ་རང་ཁུལ་དུ་ཁ་གཏད་རོགས་སྐྱོར་ལས་དོན་ལ་འབྲེལ་མཐུད་བྱས་པར་མ་ཟད། ཧང་ཀྲུའུ་གྲོང་ཁྱེར་གྱི་རོགས་སྐྱོར་ལས་བྱེད་པར་འཚམས་འདྲི་བྱས་པ་རེད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱུན་རྣམ་ཅན་གྱི་ཤར་རྒྱུད་དང་ནུབ་རྒྱུད་རོགས་ལས་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་ལེན་མཐར་ཕྱིན་བསྟར་ཏེ། ཀྲེ་ཅང་དང་སི་ཁྲོན་ཞིང་ཆེན་གཉིས་ཀྱི་ལས་དོན་བཀོད་སྒྲིག་གི་བླང་བྱ་གཞིར་བཟུང་ཆབ་སྲིད་ཀྱི་འགན་འཁྲི་བློ་བརྟན་འགྱུར་མེད་ངང་འཁུར་བ་དང་། ཤར་རྒྱུད་དང་ནུབ་རྒྱུད་རོགས་ལས་དང་ཁ་གཏད་རོགས་སྐྱོར་གྱི་ལས་དོན་ཁག་སྤུས་ཚད་མཐོན་པོའི་སྒོ་ནས་ཡག་པོ་བསྒྲུབ་དགོས་ཞེས་བསྟན་པ་རེད།
ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་དང་ཁུལ་དཔོན་དབྱང་ཧུང་ཧྲོའུ་གཉིས་འབྲེལ་ཡོད་བྱེད་སྒོར་ཞུགས།
2021ལོ་ནས་བཟུང་། ཧང་ཀྲོའུ་གྲོང་ཁྱེར་གྱིས་དཀར་མཛེས་ཁུལ་གྱི་རྫོང་དང་གྲོང་ཁྱེར12ལ་ཆ་སྒྲིག་རོགས་སྐྱོར་བྱས་ཏེ། ཁ་གཏད་ས་ཁུལ་གྱིས་དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་ཆེར་གཏོང་བ་དང་། ཡུལ་སྡེ་དར་རྒྱས་ལ་སྐུལ་བར་རམ་འདེགས་བྱས་པ་རེད།
( པར་ངོས་གཉིས་པར་གཟིགས།)
