ཆུ་འབྲུབ་དུས་ནས་བཟུང་ཁུལ་ཡོངས་ཀྱི་མངོན་གསལ་དོད་པའི་སྐྱེ་ཁམས་ཁོར་ཡུག་གི་གནད་དོན་གྲལ་བཤེར་བཅོས་སྒྲིག་གི་བརྙན་ལམ་ཚོགས་འདུ་འཚོགས་ནས་རྫོང(གྲོང་ཁྱེར)18དང་ཁུལ་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཚན་ལ་ལས་སྒོའི་གསོ་སྦྱོང་བྱས་ནས“ཕྱོགས་བཞིའི་འགན་འཁྲི”བརྟན་དུ་བཏང་བ་དང་། རྫོང་རིམ་པའི་རང་བཤེར་དང་།ཁུལ་རིམ་པའི་གྲལ་བཤེར།ལྐོག་འདྲི་ཞིབ་དཔྱད་བཅས་རིམ་པ་དབྱེ་ནས་བསྐུལ་བ་དང་།“དཀར་མཛེས་མགྱོགས་ཞུ”བྱ་དགའ་ཡོད་པའི་ཐེར་འདོན་ཐབས་ལམ་བེད་སྤྱོད་ཡག་པོ་བྱས་ནས“སྙན་ཞུ་འབྱོར་མ་ཐག་ཞིབ་བཤེར་དང་།དུས་བཀག་ནང་སྒྲུབ་གཅོད།བྱ་དགའ་མགྱོགས་མྱུར་སྤྲད་པ”བཅས་ཀྱི་ལམ་སྲོལ་དོན་འཁྱོལ་བྱས་པ་དང་། རིམ་རྩིས་བྱས་ན་གནད་དོན་ཁུངས་སྣེ238བསྡུ་ལེན་དང་ཞིབ་དཔྱད་བསྡུར་བཤེར་བྱས་ནས་བྱ་དགའ་སྒོར་ཁྲི1.64སྤྲད་པ་རེད།
ཡུག་ཁུལ་ཆེན་པོ་གསུམ་གྱི་སྐྱེ་ཁམས་ཁོར་ཡུག་ཁྲིམས་འཛིན་གྱི་དམག་སྦྱོང་ཆེན་པོར་བརྟེན་ནས་གཏེར་རི་དང་གཏེར་ཁེ་ལས།གཏེར་སྙིགས་མཛོད།ཆུ་བོ་དང་འབྲེལ་བའི་ལས་གྲྭ།འཐུང་ཆུའི་ཆུ་ཁུངས་སོགས་གཙོ་གནད་ཆེན་པོ་དྲུག་ལ་དམིགས་ཏེ་གཅིག་སྡུད་བརྟག་དཔྱད་བྱས་ཤིང་། དུས་ཡུན་ཉིན40རིང་གཅིག་སྡུད་གྲལ་བཤེར་བཅོས་སྒྲིག་བྱས་ཏེ་གྲལ་བཤེར་ས་ཚུགས413དང་གནད་དོན57ཤེས་རྟོགས་བྱུང་ནས་གྲལ་བཤེར་བཅོས་སྒྲིག54ལེགས་གྲུབ་བྱུང་ཡོད།
གྲལ་བཤེར་བཅོས་སྒྲིག་དང་ཆུ་སྲུང་བཅོས་སྐྱོང་།བེད་མེད་སྙིགས་རོ་ཐག་གཅོད།ལྟ་ཞིབ་གནད་དོན་དག་ཐེར་སོགས་མཉམ་འདྲེས་གཏིང་ཟབ་བྱེད་པར་བསྐུལ་བ་དང་།གནད་དོན་རྩིས་སྤྲོད་དང་།ཞིབ་བཤེར།བཅོས་སྒྲིག་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་དོ་དམ་བྱེད་སྟངས་ཚད་ལྡན་དུ་གཏོང་བ། ཁུལ་རིམ་པའི་དོགས་ཡོད་ཁུངས་སྣེ64རྩིས་སྤྲོད་བྱས་པ་དང་རྫོང་རིམ་པའི་ཁུངས་སྣེ58ཞིབ་དཔྱད་བྱས་པ་དང་འབྲེལ་དུས་བཀག་ནང་བཅོས་སྒྲིག་བྱས་ཡོད།རྒྱུན་རྣམ་ཅན་གྱི་རང་བཤེར་ལས་ཀའི་ལམ་སྲོལ་དོན་འཁྱོལ་ནན་པོ་བྱས་ཏེ་ཁུལ་དང་།རྫོང་།
ཡུལ་ཤོག་བཅས་རིམ་པ་གསུམ་གྱིས་ཟླ་རེར་གྲལ་བཤེར་བཅོས་སྒྲིག་དང་འགུལ་རྣམ་གཙང་སེལ་བྱས་ནས་སྐྱེ་ཁམས་ཁོར་ཡུག་ཉེན་མེད་ཡོང་བར་འགན་ལེན་བྱས་པ་རེད།།
( ཀུན་དགས་བྲིས།)
