国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






( པར་ངོས་དང་པོར་མཐུད།)

ཧང་ཀྲོའུ་གྲོང་ཁྱེར་གྱིས་ཀོང་ཡོན་དང་དཀར་མཛེས་ལ་རོགས་སྐྱོར་བྱེད་པའི་ལས་དོན་རུ་ཁག་གི་འགན་བཏགས་ལས་བྱེད་པར་འཚམས་འདྲི་བྱེད་སྐབས་ཏུའུ་ཞུས་ལེའང་གིས་དཀར་མཛེས་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱ་རྒྱུ་ནི་ཏང་ཀྲུང་དབྱང་དང་། ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་གིས་ཧང་ཀྲོའུ་ལ་སྤྲད་པའི་གཟི་བརྗིད་ལྡན་པའི་ལས་འགན་ཞིག་ཡིན་པས། འགན་འཁྲི་དང་མངགས་བཅོལ་ཟབ་མོ་བློ་ལ་བརྟན་པོར་ངེས་ནས་ཐོན་ལས་འཕེལ་རྒྱས་དང་། དམངས་འཚོ་ལེགས་གཏོང་སོགས་ཀྱི་ཁྱབ་ཁོངས་ལ་དམིགས་ཏེ། འགག་སྒྲོལ་དཀའ་སེལ་དང་གསར་གཏོད་བྱེད་ཕོད་པ་བྱས་ནས་ས་གནས་གཉིས་པོའི་ལེགས་ཆ་གསབ་རེས་དང་མཉམ་དུ་འཕེལ་རྒྱས་གཏོང་དགོས།གྲོང་ཁྱེར་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྔར་བཞིན་རོགས་སྐྱོར་ལས་བྱེད་པར་སེམས་ཁུར་བྱས་ཏེ། ཤུགས་ཡོད་རྒུས་ཞབས་ཞུ་འགན་ལེན་ཡག་པོ་དང་སེམས་ཁྲལ་ཐག་གཅོད་བྱས་ནས་ཚང་མས་སེམས་ནུས་གཅིག་སྡུད་ཀྱིས་ལས་དོན་ཡག་པོ་བསྒྲུབ་པར་ཆ་རྐྱེན་བསྐྲུན་པ་དང་། རོགས་སྐྱོར་ལས་བྱེད་པར་རྒྱབ་སྐྱོར་ཡག་པོ་བྱ་དགོས་ཞེས་བཤད། བྱེད་སྒོར་ཀྲའོ་པོ་དང་དབྱང་ཧུང་ཧྲོའུ་ཡིས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཚབ་ཞུས་ནས་ཏུའུ་ཞུས་ལེའང་དང་བཅས་པ་རང་ཁུལ་དུ་ཕེབས་པར་དགའ་བསུ་ཞུས་པ་དང་། ཧང་ཀྲོའུ་གྲོང་ཁྱེར་གྱིས་དུས་ཡུན་རིང་པོར་དཀར་མཛེས་ཁུལ་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ་ཞུས་པ་རེད།ཀྲའོ་པོ་ཡིས་ཧང་ཀྲོའུ་གྲོང་ཁྱེར་གྱིས་དཀར་མཛེས་ཁུལ་ལ་ཁ་གཏད་རོགས་སྐྱོར་བྱས་ཚུན་ཐོག་མཐའ་བར་གསུམ་དུ་མཐོ་གནས་རྩ་འཛུགས་ཀྱིས་སྐུལ་འདེད་དང་། ཕན་ཚུན་འཚམས་འདྲི་དང་སྤེལ་རེས་བྱ་རྒྱུ་རྒྱུན་འཁྱོངས་ཏེ། ལྷག་བསམ་ཟོལ་མེད་དང་མ་དངུལ་གཏོང་བ། ཐབས་ཇུས་བཏོན་པ་སོགས་ཀྱི་ཁ་གཏད་རོགས་སྐྱོར་ལ་གྲུབ་འབྲས་བཟང་པོ་ཐོབ་པ་རེད། མིག་སྔར། རང་ཁུལ་གྱིས"འགན་འཁྲི་ཆེན་པོ་གསུམ"སྐྲུན་པར་དམིགས་ནས། བབ་བསྟུན་འཕྲལ་སྒྲུབ་དང་རྗེས་སྙེག་མཆོང་སྐྱོད་བྱས་ཏེ་འཕེལ་རྒྱས་སྤུས་ཚད་མཐོན་པོ་དང་།བདེ་འཇགས་ཆུ་ཚད་མཐོན་པོ།ནུས་ཕྱོད་ཆེ་བའི་བཅོས་སྐྱོང་བཅས་ལ་སྤྱི་འདོམས་ཏུ་བསྐུལ་ནས་དཀར་མཛེས་ཁུལ་དེང་རབས་ཅན་འཛུགས་སྐྲུན་ལ་མགྱོགས་མྱུར་སྐུལ་བཞིན་ཡོད་པས།ས་གནས་གཉིས་པོས་ཕན་ཚུན་འགྲོ་འོང་དང་སྤེལ་རེས་སྔར་བས་ཟབ་ཏུ་གཏོང་བ་དང་། ལེགས་ཆ་གསབ་རེས་ལ་ཤུགས་བརྒྱབ་ནས་ཡུལ་སྡེ་དར་རྒྱས་ལ་སྐུལ་བ་དང་། དམངས་འཚོ་ལེགས་གཏོང་འགན་ལེན་དང་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུན། ལས་བྱེད་ཤེས་ལྡན་མི་སྣ་གསོ་སྐྱོང་དང་འགྲོ་འོང་སྤེལ་རེས་མཉམ་འདྲེས་སོགས་མཉམ་ལས་རྒྱུན་མཐུད་གཏིང་ཟབ་དང་། ལག་གདང་སྦྲེལ་ནས་དུས་རབས་གསར་པའི་ཁ་གཏད་རོགས་སྐྱོར་དང་ཐུན་མོང་ཕྱུག་འགྱུར་གྱི་མ་དཔེ་གསར་པ་བསྐྲུན་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

དཀར་མཛེས་ཁུལ་དུ་བཞུགས་རིང་འཐུས་མི་ཚོགས་པས་ད་དུང་ལྕགས་ཟམ་གྲོང་རྡལ་རྫ་གླིང་གྲོང་སྡེའི་ཡུལ་སྡེ་དར་རྒྱས་སྔོན་སྤེལ་དཔེ་སྟོན་གྲོང་སྡེའི་འཛུགས་སྐྲུན་སོགས་ཀྱི་ལས་གྲྭར་རྟོག་ཞིབ་བྱས་པ་རེད།།(བདེ་སྐྱིད་དང་ཀུན་དགས་བསྒྱུར།)