国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






དཀར་མཛེས་རྫོང་གིས་ནས་ཞིང་མུའུ་ཁྲི12.5བརྔ་བསྡུ་བྱས།

ཉེ་ཆར།དཀར་མཛེས་རྫོང་རི་མགོ་ཡུལ་ཤོག་གི་ནས་ལྟེ་བའི་ཐོན་ཁུལ་དུ་ནས་ཞིང་མུའུ་ཁྲི12.5བརྔ་བསྡུ་བྱས་པ་རེད། 2026ལོར་དཀར་མཛེས་རྫོང་གི་ནས་འདེབས་འཛུགས་གཞི་ཁྱོན་དང་ཐོན་ཚད་བསྡོམས་འབོར་གཉིས་ཀར་ཟིན་ཐོ་གསར་པ་བཏོད་པ་དང་། སྔོན་དཔག་བྱས་ན་ཐོན་ཚད་བསྡོམས་འབོར་ཏུན་ཁྲི3ལ་ཟིན་པ་རེད། ད་སྔར་རྫོང་ཡོངས་ཀྱིས་རིག་ལྡན་ཞིང་ལས་འཕྲུལ་ཆས200ལྷག་བཏང་ནས་ལོ་ཏོག་འདེབས་འཛུགས་དང་བརྔ་བསྡུ་བཅས་ཀྱི་ཕྱོགས་བསྡུས་འཕྲུལ་ཆས་ཅན་དུ་འགྱུར་ཚད་བརྒྱ་ཆ74.6ལ་ཟིན་པ་དང་ནས་ཧྲིལ་པོར་འཕྲུལ་ཆས་ཅན་དུ་འགྱུར་ཚད་བརྒྱ་ཆ85ལ་འཕར་ཡོད།། ( བདེ་ཆེན་གྱིས་བསྒྱུར།)