国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྤྱི་ཟླ་དང་པོ་ནས་བརྒྱད་པའི་བར་དཀར་མཛེས་ཁུལ་གྱི་དཔལ་འབྱོར་འཁོར་སྐྱོད་བརྟན་པོ་བྱུང་།

གསར་འགོད་པས་དཀར་མཛེས་ཁུལ་བསྡོམས་རྩིས་ཅུས་ནས་ཤེས་རྟོགས་བྱུང་བར་གཞིགས་ན། སྤྱི་ཟླ་དང་པོ་ནས་བརྒྱད་པའི་བར་ཁུལ་ཡོངས་ཀྱི་གོང་འོག་ཚང་མས་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བསྟར་ནས། ཤུགས་ཡོད་རྒུས་དཔལ་འབྱོར་གཉེར་ཞིང་འཛུགས་སྐྲུན་བྱས་པས། ཁུལ་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་བརྟན་པོ་བྱུང་བ་རེད། གཞི་ཁྱོན་ཡན་གྱི་བཟོ་ལས་དང་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་པ།སྤྱི་ཚོགས་འཛད་རྫས་སིལ་འཚོང་བསྡོམས་འབོར་དང་ས་གནས་ཀྱི་སྤྱིར་བཏང་སྤྱི་པའི་སྔོན་རྩིས་ཡོང་འབབ་བཅས་དམིགས་ཚད4ཡི་འཕར་ཚད་ཚང་མ་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ལས་མཐོ་བ་རེད།

བཟོ་ལས་ཐོན་སྐྱེད་འཕར་ཚད་བསྐྱར་འཕར་བྱུང་བ། ཁུལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་དུས་མཚུངས་ལས་བརྒྱ་ཆ8.7འཕར་བ་དང་།ཟླ་གོང་མ་ལས་བརྒྱ་ཆའི་གྲངས1.6མགྱོགས་སུ་ཕྱིན་ཡོད། གཏེར་འདོན་ལས་རིགས་ཀྱི་འཕར་ཐང་བརྒྱ་ཆ57.4འཕར་ནས་བཟོ་ལས་འཕེལ་རྒྱས་ལ་བྱས་རྗེས་བཞག་ཚད་བརྒྱ་ཆ60.3སླེབས་ཡོད། ནུས་རྒྱུ་གཙང་མའི་ཐོན་ལས་བརྟན་པོའི་ངང་བརྒྱ་ཆ3.3འཕར་ནས་བཟོ་སྐྲུན་ལས་རིགས་མགྱོགས་མྱུར་ངང་བརྒྱ་ཆ28.6འཕར་ཡོད། གཙོ་གནད་ཐོན་རྫས་ཀྱི་ཐོན་ཚད་ཆེས་ཆེར་འཕར་བ་དང་།དེའི་ནང་ལི་གཏེར་སྤུས་ལེགས་ཐོན་འབོར་བརྒྱ་ཆ113.5འཕར་བ་དང་། ཨར་འདམ་ཐོན་འབོར་སོ་སོར་བརྒྱ་ཆ45.3འཕར་ནས་བཟོ་ལས་དཔལ་འབྱོར་གྱི་སྤུས་ཚད་མཐོ་འདེགས་དང་ཤོང་ཚད་ཆེ་རུ་གཏོང་བར་འདེགས་སྐྱོར་བརྟན་པོ་མཁོ་འདོན་བྱས་པ་རེད།

( པར་ངོས་བཞི་པར་གཟིགས།)