རྒྱལ་ཁབ་བསྡོམས་རྩིས་ཅུས་དཀར་མཛེས་བརྟག་དཔྱད་རུ་ཁག་གི་བརྟག་དཔྱད་གྲངས་གཞི་ལས་མངོན་པར་གཞིགས་ན། 2026ལོའི་ཟླ་བ8པར་དཀར་མཛེས་ཁུལ་གྲོང་མིའི་འཛད་སྤྱོད་རིན་གོང་གི་མཚོན་གྲངས(CPI)ཞི་འཇམ་ངང་བསྐྱར་འཕར་བྱུང་སྟེ། ན་ལོའི་དུས་མཉམ་ལས་བརྒྱ་ཆ0.1འཕར་བ་དང་།ཟླ་གོང་མ་ལས་བརྒྱ་ཆ0.4འཕར་ཡོད་པ་རེད།
སྤྱི་ཟླ8པར་གྲོང་མིའི་འཛད་སྤྱོད་མཚོན་གྲངས(CPI)ན་ལོའི་དུས་མཉམ་དང་བསྡུར་ན་བརྒྱ་ཆ0.1འཕར་བ་རེད། དེའི་ནང་བཟའ་བཅའ་མིན་པའི་རིན་གོང་མཚོན་གྲངས་བརྒྱ་ཆ0.6འཕར་བ་དང་། བཟའ་བཅའི་རིན་གོང་མཚོན་གྲངས་བརྒྱ་ཆ0.2ཆག་པ་རེད། རིགས་ཆེན་པོ་བརྒྱད་ལ་དབྱེ་ནས་བལྟས་ན་རིགས་ལྔ་འཕར་བ་དང་རིགས་གསུམ་ཆག་པ་རེད། དེ་ལས་འཚོ་བའི་མཁོ་ཆས་དང་ཞབས་ཞུ་ཐད་བརྒྱ་ཆ0.5འཕར་བ་དང་།འགྲིམ་འགྲུལ་ཐད་བརྒྱ་ཆ2.8འཕར་བ།སློབ་གསོ་དང་རིག་གནས་རོལ་རྩེད་ཐད་བརྒྱ་ཆ0.3འཕར་བ།སྨན་བཅོས་ལུས་ཁམས་བདེ་སྲུང་ཐད་བརྒྱ་ཆ0.7འཕར་བ།མཁོ་ཆས་གཞན་དག་དང་ཞབས་ཞུ་ཐད་བརྒྱ་ཆ3.1འཕར་བ་རེད། བཟའ་བཅའི་ཐ་མག་དང་ཨ་རག། དེ་བཞིན་ཕྱི་རོལ་དུ་བཟའ་བཏུང་བྱེད་ཚད་བརྒྱ་ཆ0.9ཆག་པ་དང་།སྡོད་གནས་བརྒྱ་ཆ0.2ཆག་པ། གྱོན་ཆས་བརྒྱ་ཆ1.2ཆག་པ་བཅས་རེད།
སྤྱི་ཟླ8པར་དཀར་མཛེས་ཁུལ་གྲོང་མིའི་འཛད་སྤྱོད་རིན་གོང་གི་མཚོན་གྲངས(CPI)ཟླ་གོང་མ་ལས་བརྒྱ་ཆ0.4འཕར་བ་རེད། ཟས་རིགས་དང་ནུས་ཁུངས་ཀྱི་རིན་གོང་མཚོན་གྲངས་འཐེན་ན་ཟླ་གོང་མ་ལས་བརྒྱ་ཆ0.1འཕར་བ་རེད། རིགས་ཆེན་པོ་བརྒྱད་ལ་དབྱེ་ནས་བལྟས་ན་རིགས་ལྔ་འཕར་བ་དང་རིགས་གསུམ་ཆག་པ་རེད། དེ་ལས་བཟའ་བཅའ་དང་ཐ་མག་དང་ཨ་རག། ཕྱི་ཕྱོགས་སུ་བཟའ་བཏུང་བྱེད་ཚད་བརྒྱ་ཆ0.3འཕར་བ་དང་།སྡོད་གནས་བརྒྱ་ཆ0.3འཕར་བ།འགྲིམ་འགྲུལ་འཕྲིན་གཏོང་བརྒྱ་ཆ1.7འཕར་བ།མཁོ་ཆས་གཞན་དག་དང་ཞབས་ཞུ་ཐད་བརྒྱ་ཆ1.9འཕར་བ་རེད། གྱོན་ཆས་བརྒྱ་ཆ0.3ཆག་པ་དང་།སློབ་གསོ་དང་རིག་གནས་རོལ་རྩེད་བརྒྱ་ཆ0.1ཆག་པ།སྨན་བཅོས་དང་ལུས་ཁམས་བདེ་སྲུང་བརྒྱ་ཆ0.1ཆག་པ་རེད།།
( བདེ་སྐྱིད་ཀྱིས་བསྒྱུར།)
