国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






2026ལོའི་གངས་དཀར་རི་བོ་སྤྱི་ལེ100ཡི་ལྗོངས་ཕྱིའི་རྒྱུག་འགྲན་སྤེལ་གྲབས་ཡོད།

རྒྱལ་ཁབ་ཕྱི་ནང་གི་འགྲན་ཞུགས་པ3000ལྷག་དཀར་མཛེས་ཁུལ་དུ་འདུ་འཛོམས་བྱ་རྒྱུ་རེད།

སྤྱི་ཟླ9པའི་ཚེས24ཉིན་ནས27ཉིན་བར“གནས་མཆོག་དཀར་མཛེས་ལ་འཛོམ་པའི་ཁ་ཆད་ཡོད”ཅེས་པ་གཙོ་དོན་དུ་བྱས་པའི2026ལོའི་གངས་དཀར་རི་བོའི་འཁྱགས་ཀླུང་སྤྱི་ལེ100ཡི་ལྗོངས་ཕྱིའི་རྒྱུག་འགྲན་དེ་དུང་དཀར་ལུང་པར་སྤེལ་འགོ་འཛུགས་རྒྱུ་དང་། མཚོ་འཕགས་མཐོ་བའི་ལྗོངས་ཕྱིའི་འགྲན་བསྡུར་དེ་ལས་རྒྱལ་ཁབ་ཕྱི་ནང་གི་བདམས་ཐོན་འགྲན་ཞུགས་པ3300ཞུགས་རྒྱུ་ཡིན་ཞིང་། སྤྱི་ལེ100དང་སྤྱི་ལེ60 སྤྱི་ལེ40བཅས་ཚོ་ཆུང་གསུམ་བགོས་ཡོད་པ་རེད། དེའི་དམིགས་ཡུལ་ནི“ཞིང་ལས་དང་རིག་གནས། ཡུལ་སྐོར། ལུས་རྩལ། ཚོང་ལས”བཅས་མཉམ་འདྲེས་གཏིང་ཟབ་ཡོང་བར་བསྐུལ་བ་དང་། “རིག་གནས་ཡུལ་སྐོར་དང་ལས་རིགས་སྣ་བརྒྱ”མཉམ་འདྲེས་ཐབས་ལམ་ཟབ་ཏུ་བཏང་ནས་གནས་མཆོག་དཀར་མཛེས་ཀྱི་ཁོངས་ཡོངས་གྲགས་རྟགས་ཀྱི་ཤུགས་རྐྱེན་རྒྱུན་མཐུད་ཆེ་རུ་གཏང་རྒྱུ་དང་། རྒྱལ་སྤྱི་རིམ་པའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་བྱ་ཡུལ་བསྐྲུན་པའི་ཆེད་དུ་ཡིན་པ་རེད།

དུང་དཀར་ལུང་པ་ནི་དཀར་མཛེས་ཁུལ་གྱི་གངས་དཀར་རི་བོའི་མིའི་རིག་ཡུལ་སྐོར་སྤྲོ་གསེང་བྱ་ཡུལ་གྱི་ལྟེ་བའི་ཁུལ་དུ་གནས་ཤིང་།རི་ཀླུང་ཕྱི་རོལ་ལུས་རྩལ “ལུས་རྩལ་དང་ཡུལ་སྐོར་མཉམ་འདྲེས”ཐོན་ལས་འཕེལ་རྒྱས་ཀྱི་གཙོ་གནད་འཛུགས་སྐྲུན་ས་ཁོངས་ཡིན་ཞིང་། འགྲན་བསྡུར་གྱི་འགྲན་ལམ་ནི་རི་མཐོ་དང་འཁྱགས་ཀླུང་། གྲོང་རོང་། ནགས་ཚལ། ཡུལ་སྡེ། ཞིང་ཁ། གངས་རི། དེ་བཞིན་དམར་དམག་གི་རྒྱང་སྐྱོད་ལོ་རྒྱུས་རྐང་ལམ་སོགས་ས་དབྱིབས་སྣ་ཚོགས་སུ་ཁྱབ་ཡོད་པས་ལམ་བར་དུ་གངས་དཀར་རི་བོའི་རྩེ་མོ་དང་རི་རྩེ་མང་པོའི་མཛེས་ལྗོངས་ལ་ལྟ་ཐུབ་ཀྱི་ཡོད་པ་རེད། ད་ཐེངས་ཀྱི་འགྲན་བསྡུར་དེས“འགྲན་བསྡུར་དང་མཉམ་དུ་ཡུལ་སྐོར་འགྲོ་བ་དང་།ཡུལ་སྐོར་བ་སི་ཁྲོན་དུ་ཡོང་བར་འགུགས་པའི”འདུ་ཤེས་ལག་ལེན་བསྟར་ཞིང་། འགྲན་ལམ་དུ“གོམ་པ་རེ་ལ་མཛེས་ལྗོངས་རེ”སྟེ་གངས་རི་དང་གདོད་མའི་ནགས་ཚལ། སྨུག་པའི་ཆུ་ཚན་དང་ཡུལ་གྲོང་གི་རྐང་ལམ་ཆུང་ཆུང་བཅས་ཐུན་མོང་མ་ཡིན་པའི་འགྲན་ལམ་ཇུས་འགོད་དེ་རིགས་ཀྱིས་བདམས་ཐོན་པ་ཚོས་དཀའ་ཚེགས་ཆེ་བའི་འགྲན་བསྡུར་ལ་ཞུགས་པ་དང་ཆབས་ཅིག“སི་ཁྲོན་གྱི་རི་རྒྱལ་ལྷུན་པོ”གངས་དཀར་རི་བོའི་བརྗིད་ཆགས་ཡིད་འོང་གི་མཛེས་ལྗོངས་ཉམས་སུ་མྱོང་ཐུབ་པ་རེད།།

( ལྷ་འཛོམས་ཀྱིས་བསྒྱུར།)