ལོ་འདི་དག་རིང་ལ་བརྒྱད་ཟུར་རྫོང་གིས་འབྲི་གཡག་གསོ་སྤེལ་ལས་རིགས་སྟོབས་ཆེར་བཏང་ནས་ལག་ཡོད་མགོ་གྲངས་ཁྲི7.05ལྷག་ལ་སླེབས་པ་དང་། ཤའི་རྒྱུ་སྤུས་ལེགས་ཤིང་ཁུལ་ཡོངས་ཀྱི་མདུན་གྲལ་དུ་སླེབས། འབྲི་གཡག་གི་རྒྱུད་སྤེལ་མ་ལག་འཐུས་ཚང་དུ་བཏང་སྟེ། གཞི་ཁྱོན་ལྡན་པའི་མགོ་གྲངས་བརྒྱ་ཡན་གསོ་སྐྱོང་བྱེད་མཁན་དུད་ཚང318ཡོད་ཅིང་བཤས་གཏོང་ཚད་མཐོ་རུ་ཕྱིན་ཡོད།
ཚད་ལྡན་ཅན་གྱི་ཉ་གསོ་སྤེལ་རྟེན་གཞི་གཅིག་བསྐྲུན་པར་མ་དངུལ་སྒོར་ཁྲི2000བཏང་བ་དང་།གཞི་ཁྱོན་སྨི་གྲུ་བཞི་མ་ཁྲི2.48བཟུང་ཡོད། ཉ་མང་པོ་གསོས་ནས་གྲོང་སྡེའི་ཐུན་མོང་དཔལ་འབྱོར་ལོ་རེའི་ཡོང་འབབ་སྒོར་ཁྲི3ཡན་དང་ལས་མིའི་ཡོང་འབབ་སྒོར་ཁྲི180ལྷག་འཕར་ཡོད།སྔོན་དཔག་བྱས་ན་ཐོན་སྐྱེད་བྱས་རྗེས་ལོ་རེའི་ཐོན་ནུས་ཏུན135ལ་ཟིན་རྒྱུ་རེད།
ཕག་ནག་གསོ་སྤེལ་གྱི་ཐོན་ལས་མཉམ་འདྲེས་དཔེ་སྟོན་གླིང་བསྐྲུན་ནས“སྲིད་གཞུང་དང་སྤྱི་གཉེར་ཁང་། རྟེན་གཞི། ཞིང་དུད་བཅས་མཉམ་འབྲེལ་གྱི་ལམ་སྲོལ་གཏོད་པ་དང་། ལོ་རེར་བཤས་གཏོང་ལས་སྣོན་བྱེད་ཚད་མགོ་གྲངས་ཁྲི་གཅིག་ལས་བརྒལ་ཞིང་། ཤ་བསྙལ་མ་དང་ཤ་རྒྱུ་སོགས་ཐོན་རྫས20ལྷག་གསར་སྤེལ་བྱས་ཡོད། གློག་ཚོང་ཚོགས་པ་གསོ་སྐྱོང་བྱས་ནས“བློ་བཟང་དང་སྒྲོལ་མ་ཆུང་ཆུང”གིIPདྲ་བ་སྤྱད་དེ2026ལོའི་ལོ་སྟོད་དུ་དྲྭ་ཐོག་ཕྱིར་ཚོང་སྒོར་ཁྲི600ལས་བརྒལ་བ་དང་། སྔོན་དཔག་བྱས་ན་ལོ་མཇུག་ཏུ་སྒོར་ཁྲི1500ལས་བརྒལ་ནས་གསོ་སྤེལ་དུད་ཚང3200ལྷག་གི་དུད་ཚང་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི1.5ཡན་འཕར་བར་སྐུལ་ཁྲིད་ཐུབ་རྒྱུ་ཡིན་པ་རེད།།
( ཀུན་དགས་བྲིས།)
