国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






ཚན་རྩལ་ལ་བརྟེན་ཡུལ་སྡེ་དར་རྒྱས་བཏང་། དཀར་མཛེས་ཁུལ་གྱི་འཕེལ་རྒྱས་མགྱོགས་ཤིང་བརྟན།

15259_02B_20260915གངས་ལྗོངས་འཕྲེད་རྒྱུག་རི་ཁུལ་གྱི་ཕྱོགས་བསྡུས་ལག་ལེན་སློབ་གསོའི་རྟེན་གཞིར་ཞིབ་སྦྱོང་སློབ་མ་ཚོས་ཞིབ་ཚགས་ངང་རྡོ་བརྡར་བཞིན་པ།

ཉེ་ཆར། སི་ཁྲོན་ཞིང་ཆེན2026ལོའི་རྒྱལ་ཡོངས་ཚན་རྩལ་ཁྱབ་གདལ་ཟླ་བ་འགོ་འཛུགས་མཛད་སྒོ་དང་ཚན་རྩལ་ལ་བརྟེན་ནས་ཡུལ་སྡེ་དར་རྒྱས་ལས་དོན་ལ་སྐུལ་བའི་བྱེད་སྒོ་དཀར་མཛེས་ཁུལ་ལྕགས་ཟམ་རྫོང་དུ་སྤེལ། བྱེད་སྒོ་དེས“ཚན་རྩལ་གྱིས་འཚོ་བར་འགྱུར་ལྡོག་བཏང་། གསར་གཏོད་ཀྱིས་འབྱུང་འགྱུར་ཁ་ཕྱོགས་སྟོན”ཞེས་པའི་གཙོ་དོན་ལ་དམིགས་ཏེ་ཕྱོགས་ཡོངས་ནས་ཚན་རིག་ཁྱབ་གདལ་དང་ཚན་རྩལ་གསར་གཏོད་ཀྱི་སྤྱི་ཚོགས་ཁོར་ཡུག་ལེགས་པོ་ཞིག་བསྐྲུན་ཡོད། ཞིང་ཆེན་དང་གྲོང་ཁྱེར་གྱི་འབྲེལ་ཡོད་མགོ་ཁྲིད་དག་བྱེད་སྒོར་ཞུགས།

ད་ཐེངས་ཀྱི་བྱེད་སྒོས་རྣམ་པ་གསར་གཏོད་དང་གཞི་རིམ་གྱི་ཡུལ་དངོས་སུ་བསྐྱོད་པ་བརྒྱུད་ནས་ཚན་རིག་ཁྱབ་གདལ་ཞིབ་འཇུག་སློབ་སྦྱོང་བྱ་ཡུལ་ཚོགས་རར་བྱས་ཏེ། མི་སྣ་སྒྲིག་འཛུགས་བྱས་ནས་དར་མདོའི་སྐྱེ་ཁམས་ཞིང་ལས་དང་། ལྕགས་ཟམ་ཁའི་གསར་བརྗེའི་རིག་གནས་ཡུལ་སྐོར། འཕྲེད་རྒྱུག་ས་གཤིས་སློབ་གསོ་བཅས་ཚན་རིག་ཁྱབ་གདལ་རྟེན་གཞི་ཆེན་པོ་གསུམ་ལ་ལྟ་སྦྱོང་བྱེད་སྒོ་སྤེལ་བ་རེད། རྟེན་གཞི་དེ་དག་གིས་ཚན་རྩལ་ལ་བརྟེན་ནས་ཁྱད་ལྡན་ཞིང་ལས་ཐོན་ལས་སྤུས་མཐོ་ཡོང་འཕར་དང་། གསར་བརྗེའི་སློབ་གསོ་ཨང་ཀི་ཅན་དུ་རིམ་སྤོར། ཚན་རིག་ཁྱབ་གདལ་ཞིབ་འཇུག་སློབ་སྦྱོང་དང་མང་ཚོགས་ཀྱི་ལས་ཞུགས་འབབ་འཕར་མཉམ་འདྲེས་གཏིང་ཟབ་བཅས་དཀར་མཛེས་ཁུལ་གྱིས་ཚན་རྩལ་ལ་བརྟེན་ནས་ཡུལ་སྡེ་དར་རྒྱས་ལ་རམ་འདེགས་བྱེད་པའི་ལག་ལེན་དངོས་དང་གཡུར་ཟའི་གྲུབ་འབྲས་གཅིག་སྡུད་ཐོག་མངོན་པར་བྱས།

ཚོགས་འདུར་ཞིང་ཆེན་ཡོངས་ཀྱི་ས་གནས་མང་པོའི་ཚན་རིག་ཁྱབ་གདལ་དང་ཡུལ་སྡེ་དར་རྒྱས་ལས་གཞིའི་འཐུས་མི་ཚོས་ཉམས་མྱོང་སྤེལ་རེས་དང་། དཀར་མཛེས་ཁུལ་གྱིས་ཉེ་བའི་ལོ་ཤས་རིང་ཚན་རིག་ཁྱབ་གདལ་དང་ཚན་རྩལ་ལ་བརྟེན་ནས་ཡུལ་སྡེ་དར་རྒྱས་ཀྱི་ལས་དོན་ཕན་ནུས་ཞིབ་ཚགས་ངང་གསལ་སྟོན་བྱས་པ་དང་། ཚན་རྩལ་ཞབས་ཞུ་རྒྱུན་མཐུད་ངང་ལེགས་སུ་གཏང་བ། ཚན་རྩལ་ཁྱབ་གདལ་གཏིང་ཟབ་གཏང་བ། ས་གནས་ཀྱི་ཚན་རྩལ་ཤེས་ལྡན་མི་སྣ་གསོ་སྐྱོང་བྱས་པ་རེད། ཐེན་ཧྥུ་ཚན་རྩལ་ལས་སྟེགས་དང་ཚན་རྩལ་སྒོ་ར་ཆུང་ངུ་། “ཚན་རྩལ་ཞབས་ཞུའི་ཁྱིམ་ལས་པ”བཅས་ཀྱི་དཔུང་ཁག་ལ་བརྟེན་ནས་འདེབས་གསོ་ལག་རྩལ་གྱི་དཀའ་གནད་སེལ་བ་དང་། ཚན་རྩལ་གསར་གཏོད་ཀྱི་ཁེ་ལས་ལ་ཞབས་འདེགས་ཞུས་ནས་ཚན་རྩལ་ཐད་མཉམ་ལས་མང་པོ་གྲུབ་པ་རེད། མུ་མཐུད་དེ་གཞི་རིམ་གྱི་ཚན་རིག་ཁྱབ་གདལ་གཏང་ཡུལ་ལེགས་པོ་འཛུགས་ཏེ་ཁྱད་ཆོས་ལྡན་པའི་ཚན་རིག་ཁྱབ་གདལ་དང་སློབ་སྦྱོང་ཞིབ་འཇུག་གི་སྤུས་རྟགས་བསྐྲུན་པ་དང་། རྣམ་པ་སྣ་ཚོགས་ཅན་གྱི་ཚན་རིག་ཁྱབ་གདལ་སྒྲོག་འགྲེལ་དང་ཞིབ་འཇུག་སློབ་སྦྱོང་གི་བྱེད་སྒོ་སྤེལ་ནས་རྒྱ་ཆེའི་མང་ཚོགས་དང་སློབ་མར་ཕན་ཐོགས་པ་རེད། ས་གནས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་ཤུགས་ཆེ་རུ་བཏང་བ་དང་། ཚན་རིག་ཞིབ་འཇུག་སྟེགས་བུ་བསྐྲུན་པ། ཆེད་ལས་ཤེས་ལྡན་མི་སྣ་ནང་འདྲེན་བཅས་བྱས་ནས་ཚན་རིག་ཞིབ་འཇུག་ལས་གཞི་མང་པོ་དོན་འཁྱོལ་བྱུང་ཡོད། ཞིང་ཆེན་རིམ་པའི་ཚན་རྩལ་བྱ་དགའ་ཐོབ་པ་དང་། རང་བདག་ཤེས་བྱའི་ཐོན་དབང་གི་ཐོན་རྫས་མང་པོ་ཞིབ་འཇུག་གསར་སྤེལ་བྱས་ཏེ་ཚན་རྩལ་ལ་བརྟེན་ནས་ཡུལ་སྡེ་དར་རྒྱས་གཏོང་བར་ཐད་ཕན་འབྲས་མངོན་གསལ་ཐོབ་ཡོད།

དཀར་མཛེས་ཁུལ་གྱིས་ད་ལྟའི་གྲུབ་འབྲས་ལ་གཞི་ཚུགས་ནས་གཞི་རིམ་གྱི་ཚན་རྩལ་ཁྱབ་གདལ་གྱི་རྨང་གཞི་ཞན་པ་དང་ཚན་རྩལ་ཞབས་ཞུའི་ཁྱབ་ཚད་མི་འདང་བ་སོགས་ཀྱི་ཞན་ཆ་ལ་དམིགས་ཏེ། ཁུལ་ཡོངས་ཀྱིས་ད་ཐེངས་ཀྱི་བྱེད་སྒོ་གོ་སྐབས་ལ་བརྩིས་ཏེ་ཐོན་ཁུངས་འོག་སྤྲོད་དང་སྤུས་རྟགས་ཇེ་ལེགས། ཤེས་ལྡན་མི་སྣ་གསོ་སྐྱོང་བཅས་ཀྱི་ཁ་ཕྱོགས་ཆེན་པོ་གསུམ་ལ་གཞིགས་ནས་ཚན་རྩལ་ཞབས་ཞུའི་མ་ལག་རྒྱུན་མཐུད་ངང་འཐུས་ཚང་དུ་གཏང་བ་དང་། ས་གནས་ཀྱི་ཚན་རིག་ཁྱབ་གདལ་ཞིབ་འཇུག་སློབ་སྦྱོང་སྤུས་རྟགས་ཇེ་ལེགས་སུ་གཏང་བ། ཤེས་ལྡན་མི་སྣ་ནང་འདྲེན་གསོ་སྐྱོང་དང་འགུགས་སྤྱོད་ལམ་སྲོལ་འཐུས་ཚང་དུ་བཏང་ནས་ཚན་རྩལ་གྱི་གསར་གཏོད་ནུས་པ་བརྟེན་ནས་མཐོ་སྒང་གི་ཡུལ་སྡེ་དར་རྒྱས་ཕྱོགས་ཡོངས་ནས་གཏང་རྒྱུ་རེད།།( སྐལ་བཟང་རྒྱ་མཚོས་བསྒྱུར།)