སྟོན་ཟླ་དགུ་པ་སླེབས་པ་དང་བསྟུན་ནས་གང་ས་གང་ལ་གསེར་མདོག་གི་ཞུན་མ་བྱུགས་པ་དང་མཚུངས་ལ། འདབ་པ་རྫོང་འཇམ་རོང་ཡུལ་ཤོག་བཅུ་ཚངས་གྲོང་སྡེའི་ཡུལ་མི་ཚོས་སྟོན་བསྡུ་ལས་ལ་བྲེལ་ནས་མི་ཁོམ་མི་ལྕོགས་བྱེད་བཞིན་པའི་སྒང་རེད། གནམ་གཤིས་ཡག་པོ་དང་བསྟུན་ནས་ཡུལ་མི་ཚོས་གོ་རིམ་ལྡན་པའི་ངང་ཞིང་ཁར་ནས་བརྔས་པ་དང་། སྐྱེལ་འདྲེན་བྱེད་པ། སྐམ་པ། རྡུང་བ་བཅས་ཀྱི་ཞིང་ལས་བྲེལ་སྒང་རེད།
ད་ལོ་ནས་བཟུང་། བཅུ་ཚངས་གྲོང་སྡེས་ཏང་ལེགས་སྐྱོང་གི་ཡུལ་སྡེ་དར་རྒྱས་སྣེ་ཁྲིད་བྱེད་པར་བརྟེན་ཁམས་པའི་ཏང་དར་དམར་ཞེས་པའི་ཏང་ལེགས་སྐྱོང་གི་སྤུས་རྟགས་ཇེ་ལེགས་སྐྲུན་བཞིན་ཡོད། གྲོང་པའི་མགོ་ཁྲིད་དང་གྲོང་པར་བཅའ་སྡོད་ལས་དོན་ཚོ་ཆུང་ཞིང་ཁར་བསྐྱོད་དེ་དམངས་ཕན་སྲིད་ཇུས་སྒྲོག་འགྲེལ་དང་ལོ་ཏོག་བསྡུ་རོགས་བྱེད་པ། སྟོན་བསྡུའི་ལས་ཀ་དཀའ་གནད་ཚགས་བཤེར་ཐག་གཅོད་སོགས་གནད་སྨིན་གྱི་བྱ་ཐབས་དངོས་ལ་བརྟེན་ནས་ས་གནས་དེ་གའི་ཞིང་པ་ཚོར་དུས་ཐོག་ཏུ་སྟོན་བསྡུའི་ལས་ཀ་བདེ་ལེགས་ངང་གྲུབ་པར་འགན་སྲུང་བྱས། ད་ལོར་ནས་ལོ་ལེགས་བྱུང་བ་དེས་བཅུ་ཚངས་གྲོང་སྡེའི་ཞིང་འབྲོག་ལས་བརྟན་པོ་ངང་སྤུས་འཕར་རིམ་སྤོས་བྱུང་སྟེ། མང་ཚོགས་ཡོང་འཕར་དམངས་ཕྱུག་ཡོང་བ་མཚོན་ཐུབ་པར་མ་ཟད། ཏང་ལེགས་སྐྱོང་གི་ནུས་པར་བརྟེན་ནས་ཡུལ་སྡེ་དར་རྒྱས་ལ་ཕན་འབྲས་མངོན་གསལ་ཐོབ་པ་དང་། རྒྱ་ཆེ་བའི་མང་ཚོགས་ལས་ཞུགས་བདེ་ལ་འཚོ་བ་སྐྱིད་པའི་མཛེས་སྡུག་གི་རྣམ་པ་སྟོན་བཞིན་ཡོད།།
( སྐལ་བཟང་རྒྱ་མཚོས་བསྒྱུར།)
