国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






2025ལོར་རྒྱལ་ཡོངས་ཀྱི་ཚན་རིག་ཁྱབ་གདལ་ལས་ཀའི་འགྲོ་གྲོན་ གྲབས་གསོག་དངུལ་གྲངས་སྒོར་དུང་ཕྱུར243ལས་བརྒལ།

ཞིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་སྤྱི་ཟླ9པའི་ཚེས20ཉིན་གློག་འཕྲིན་འབྱོར་གསལ། སྤྱི་ཟླ9པའི་ཚེས20ཉིན་གསར་འགོད་པས་ཚན་རྩལ་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། 2025ལོ་འཁོར་གྱི་རྒྱལ་ཡོངས་ཚན་རིག་ཁྱབ་གདལ་གྱི་བསྡོམས་རྩིས་དན་གྲངས་དངོས་སུ་བསྒྲགས་པ་དང་། 2025ལོའི་རྒྱལ་ཡོངས་ཚན་རིག་ཁྱབ་གདལ་ལས་དོན་གྱི་འགྲོ་གྲོན་གྲབས་གསོག་དངུལ་གྲངས་སྒོར་དུང་ཕྱུར243.98ལ་ཟིན་པ་དང2024ལོ་ལས་བརྒྱ་ཆ9.80འཕར་ཡོད། ཚན་རིག་ཁྱབ་གདལ་གྱི་འགྲོ་གྲོན་མ་འཇོག་བརྟན་པོའི་ངང་འཕར་ཏེ་སྤྱི་པའི་ནོར་སྲིད་གཏོང་ཆའི་སྣེ་ཁྲིད་ནུས་པ་འདོན་སྤེལ་བྱས་ཡོད།

བསྡོམས་རྩིས་དན་གྲངས་ལས་མངོན་པར་ལྟར་ན་རང་རྒྱལ་གྱི་ཚན་རིག་ཁྱབ་གདལ་མི་སྣ་དཔུང་ཁག་གི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཏེ། ཆེད་ལས་མི་སྣའི་གྲངས་འབོར་རྒྱུན་མཐུད་ངང་འཕར་ཡོད། ཚན་རིག་ཁྱབ་གདལ་གྱི་རྨང་གཞིའི་བཀོད་སྒྲིག་བྱེད་ཚུལ་རྒྱུན་མཐུད་ངང་ལེགས་སུ་བཏང་བ་དང་། ར་སྐོར་དང་ཁང་པ་འཛུགས་སྐྲུན་དང་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་བ་རེད། འཕྲིན་སྦྱོར་ཀུན་འདུས་ཀྱི་ཚན་མཐུན་ཁྱབ་སྤེལ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་ཤུགས་རྐྱེན་ཐེབས་ཚད་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ཡོད། རྣམ་པ་སྣ་ཚོགས་ཀྱི་ཚན་རིག་ཁྱབ་གདལ་བྱེད་སྒོ་རྒྱ་ཁྱབ་ཏུ་སྤེལ་ནས་མི་ཚོགས་དེ་བས་མང་པོར་ཕན་པ་ཐོབ་ཡོད།

2025ལོར་རྒྱལ་ཡོངས་ཀྱི་ཚན་རིག་ཁྱབ་གདལ་ཆེད་ལས་དང་ལས་འགན་གཅིག་ལྕོགས་མི་སྣ་ཁྲི225.07ལ་ཟིན་ཏེ2024ལོ་ལས་བརྒྱ་ཆ1.72འཕར་ཡོད། རྒྱལ་ཡོངས་ཀྱི་ཚན་རྩལ་ཁང་དང་ཚན་རིག་ལག་རྩལ་རིགས་ཀྱི་དངོས་མང་ཁང་ཁྱོན་བསྡོམས1988ཡོད་ཅིང་། དེ་ལས་ཚན་རྩལ་ཁང869དང་ཚན་རིག་ལག་རྩལ་རིགས་ཀྱི་དངོས་མང་ཁང1119ཡོད། རྒྱལ་ཡོངས་ཀྱི་ཁྱབ་ཁོངས་སུ་གཞོན་ནུ་ལོ་ཆུང་ཚན་རྩལ་ཁང་དང་ས་ཚུགས412ཡོད་པ་དང་།གྲོང་ཁྱེར་སྤྱི་ཁུལ་གྱི་ཚན་རིག་ཁྱབ་གདལ་བྱེད་སྒོ་སྤེལ་ཡུལ་ཁྲི4.04ཡོད་པ། རྒྱལ་ཡོངས་སུ་དྲྭ་ཐོག་དང་དྲྭ་ཕྱི་ཡི་ཚན་རིག་ཁྱབ་གདལ་གྱི་འཆད་ཁྲིད་ཐེངས་ཁྲི162.82སྒྲིག་འཛུགས་བྱས་ཏེ་མི་གྲངས་དུང་ཕྱུར22.01ཞུགས་ཡོད། ཚན་རིག་ཞིབ་འཇུག་ལས་ཁུངས་དང་སློབ་ཆེན་གྱིས་སྤྱི་ཚོགས་ལ་སྒོ་འབྱེད་པའི་ལས་དོན9562སྤེལ་བ་དང་མི་གྲངས་ཁྲི2909.95ལ་སྣེ་ལེན་བྱས་པ། དྲྭ་ཐོག་དང་དྲྭ་ཕྱི་ཚན་རིག་ཁྱབ་གདལ་གྱི་རྒྱལ་སྤྱིའི་སྤེལ་རེས་བྱེད་སྒོ་ཐེངས2415སྤེལ་ཏེ་ཁྱོན་བསྡོམས་མི་གྲངས་ཁྲི1506.98ཞུགས་ཡོད། 2025ལོའི་རྒྱལ་ཡོངས་ཚན་རྩལ་བྱེད་སྒོའི་གཟའ་འཁོར་གྱིས་གསར་གཏོད་འཕེལ་རྒྱས་ལ་དམ་བཅའ་བཞག།ཚན་རྩལ་སྟོབས་ལྡན་གྱི་རྒྱལ་ཁབ་སྐྲུན་ཞེས་པ་གཙོ་དོན་དུ་བྱས་ཤིང་།དྲྭ་ཐོག་དང་དྲྭ་ཕྱི་ཚན་རྩལ་ཁྱབ་གདལ་གྱི་ཆེད་དོན་བྱེད་སྒོ་སྣ་ཚོགས་ཁྲི12.22སྤེལ་ཏེ་ཁྱོན་བསྡོམས་མི་གྲངས་དུང་ཕྱུར3.99ཞུགས་པ་རེད།

རྒྱལ་ཡོངས་ཀྱི་ཚན་རྩལ་ཁྱབ་གདལ་བསྡོམས་རྩིས་ལས་དོན་དེ་ཚན་རྩལ་པུའུ་ཡི་སི་དགུ་པས་འགན་ཁུར་བ་དང་།ཀྲུང་གོ་ཚན་རིག་ལག་རྩལ་ཆ་འཕྲིན་ཞིབ་འཇུག་ཁང་གིས་དངོས་འགན་འཁུར་གྱིན་ཡོད། 2025ལོ་འཁོར་གྱི་དན་གྲངས་ཀྱི་བསྡོམས་རྩིས་ཁྱབ་ཁོངས་སུ་ཞིང་ཆེན་དང་རང་སྐྱོང་ལྗོངས།ཐད་སྐྱོང་གྲོང་ཁྱེར31།ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དམག་ཚོགས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས32བཅས་ཚུད་ཡོད།ཚུར་བསྡུ་བརྟག་དཔྱད་རེའུ་མིག་ཁྲི10.06ལ་ཟིན་པ་དེ་ནི་ད་སྔར་རྒྱལ་ནང་དུ་སྲིད་གཞུང་གི་ཚན་རིག་ཁྱབ་གདལ་ལས་དོན་བསྡོམས་རྩིས་དབྱེ་ཞིབ་བྱེད་པའི་རྨང་གཞིའི་རང་བཞིན་གྱི་དན་གྲངས་གལ་ཆེན་ཞིག་རེད།།

( བདེ་ཆེན་གྱིས་བསྒྱུར།)