ཉེ་ཆར།པེ་ཅིང་རྒྱལ་སྤྱིའི་ཇ་ལས་དང་ཇའི་སྒྱུ་རྩལ་དངོས་མང་སྟོན་ཚོགས་སྐབས་ཉེར་གཅིག་པ་པེ་ཅིང་རྒྱལ་ཡོངས་ཞིང་ལས་འགྲེམས་སྟོན་ཁང་དུ་འགོ་བཙུགས་པ་རེད། ད་ཐེངས་ཀྱི་ཇ་སྟོན་འདུ་ཚོགས་ཀྱི་དུས་ཡུན་ཉིན4ཡིན་ཞིང་། རྒྱལ་ཁབ་ཕྱི་ནང་གི་ཇ་ཐོན་ལས་སྦྲེལ་ཐག་ཁེ་ལས700ཙམ་འགྲེམས་སྟོན་ནང་ཞུགས་པའི་ཡིད་དབང་བཀུག་ནས་ཇ་འཐུང་མཁན་གྱིས་ས་གནས་ཁག་གི་ཇ་ལོ་དཔྱད་གཞིར་འཛིན་པ་དང་དུས་ཆེན་ལ་ལག་རྟགས་སྤྲོད་པའི་ཇ་འདེམས་ཉོ།ཇ་རིག་གནས་མྱོང་རོལ་བཅས་ལ་གཅིག་བསྡུས་སྤེལ་རེས་ཀྱི་སྟེགས་བུ་མཁོ་འདོན་བྱས་པ་རེད།།
