国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音






སྤྱི་ཟླ་དང་པོ་ནས་བརྒྱད་པའི་བར་དཀར་མཛེས་ཁུལ་གྱི་དཔལ་འབྱོར་འཁོར་སྐྱོད་བརྟན་པོ་བྱུང་།

( པར་ངོས་དང་པོར་མཐུད།)

མ་དངུལ་འཇོག་ཚད་མཐོན་པོའི་ངང་འཁོར་སྐྱོད་རྒྱུན་འཁྱོངས་པ། ཁུལ་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་ཚད་ན་ལོའི་དུས་མཉམ་ལས་བརྒྱ་ཆ10.9འཕར་བ་དང་། ཟླ་གོང་མ་ལས་བརྒྱ་ཆའི་གྲངས0.6ཆག་པ་རེད། ཐོན་ལས་དབྱེ་ནས་བལྟས་ན་ཐོན་ལས་དང་པོར་མ་དངུལ་འཇོག་ཚད་བརྒྱ་ཆ3.2ཆག་པ་དང་། ཐོན་ལས་གཉིས་པར་མ་དངུལ་འཇོག་ཚད་བརྒྱ་ཆ8.9འཕར་ཡོད། ཐོན་ལས་གསུམ་པར་མ་དངུལ་འཇོག་ཚད་བརྒྱ་ཆ13.7འཕར་ཡོད་པ་རེད།

འཛད་སྤྱོད་ཁྲོམ་ར་བརྟན་པོའི་ངང་འཁོར་སྐྱོད་ཐུབ་པ། ཁུལ་ཡོངས་ཀྱི་སྤྱི་ཚོགས་འཛད་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར102.48ཟིན་པ་དང་།ན་ལོའི་དུས་མཉམ་ལས་བརྒྱ་ཆ4.9འཕར་བས་ཟླ་གོང་མ་ལས་བརྒྱ་ཆའི་གྲངས0.7ཆག་པ་རེད། ལས་རིགས་དབྱེ་ནས་བལྟས་ན་སྡེབ་ཚོང་ལས་རིགས་དང་སྡོད་ཁང་ལས་རིགས་ཀྱི་སིལ་ཚོང་དངུལ་འབོར་ཚང་མ་བརྒྱ་ཆ5.0འཕར་བ་དང་།སིལ་ཚོང་ལས་རིགས་བརྒྱ་ཆ5.2འཕར་ཡོད། བཟའ་བཏུང་ལས་རིགས་བརྒྱ་ཆ4.1འཕར་ནས་སིལ་ཚོང་ལས་རིགས་ཁག་བརྟན་པོའི་ངང་འཁོར་སྐྱོད་བྱུང་ཡོད།

ནོར་སྲིད་ཡོང་འབབ་ཀྱི་སྤུས་ཚད་དང་མྱུར་ཚད་མཐོ་རུ་བཏང་བ། ཁུལ་ཡོངས་སུ་ས་གནས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར64.87མངོན་འགྱུར་བྱུང་བ་དང་། ན་ལོའི་དུས་མཉམ་ལས་བརྒྱ་ཆ22.4འཕར་བས་ཟླ་གོང་མ་ལས་བརྒྱ་ཆའི་གྲངས1.3མགྱོགས་སུ་ཕྱིན་ཡོད། ཡོང་འབབ་ཀྱི་གྲུབ་ཆ་རྒྱུན་མཐུད་ངང་ལེགས་སུ་ཕྱིན་པ་དང་སྤུས་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་པའི་ནང་ཁྲལ་བསྡུའི་ཡོང་འབབ་སྒོར་དུང་ཕྱུར43.57མངོན་འགྱུར་བྱུང་ནས་བརྒྱ་ཆ49.9འཕར་བ་དང་། ཁྲལ་མིན་ཡོང་འབབ་སྒོར་དུང་ཕྱུར21.30ཟིན་ནས་བརྒྱ་ཆ11.0ཆག་པ་རེད། ཁྲལ་འབབ་ཀྱིས་བརྒྱ་ཆ67.2བཟུང་བ་དང་ཁྲལ་བསྡུའི་གཙོ་གཟུགས་ཀྱི་འདེགས་སྐྱོར་ནུས་པ་མངོན་གསལ་དོད་པས་ནོར་སྲིད་ཡོང་འབབ་དེ་བས་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་བཞིན་ཡོད།།

( བདེ་སྐྱིད་ཀྱིས་བསྒྱུར།)