རླབས་ཆེན་ཀྲུང་ཧྭ་སྤྱི་མཐུན་རྒྱལ་ཁབ་ཆེ།།
དེ་རིང་དབུ་བརྙེས་དུས་ཆེན་དགའ་སྟོན་ཉིན།།
ང་ཚོས་མེས་རྒྱལ་ཆེན་མོར་བསྟོད་གླུ་འབུལ།།
ནམ་ཡང་དར་ཞིང་རྒྱས་པའི་རྟེན་འབྲེལ་ཞུ།།
གསེར་མདོག་ཉི་འོད་ས་གཞིར་འཕྲོས་པ་བཞིན།།
ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས།།
ང་ཚོ་མི་དམངས་བདེ་སྐྱིད་ཉི་གསར་འཆར།།
དབུ་བརྙེས་དུས་ཆེན་རྟེན་འབྲེལ་སྨོན་འདུན་ཞུ།།
ཡར་ངོའི་ཟླ་བ་གོང་དུ་འཕེལ་བ་བཞིན།།
མེས་རྒྱལ་མངའ་ཐང་ཉིན་རེ་བཞིན་དུ་རྒྱས།།
འཕེལ་རྒྱས་གོམ་སྟབས་བརྟན་པོ་མདུན་སྤོས་ཤིང་།།
འབྱོར་ཕྱུག་འབྱུང་འགྱུར་མངོན་གསལ་ཡོང་བར་སྨོན།།
དུས་རབས་འཕེལ་རིམ་གསར་པའི་ལམ་བུ་ནས།།
མེས་རྒྱལ་སྟོབས་ལྡན་འཛམ་གླིང་ཡོངས་ལ་གྲགས།།
ནམ་ཡང་མི་ཉམས་གོང་འཕེལ་མདུན་དུ་བསྐྱོད།།
དཔལ་ཡོན་དགའ་སྟོན་ལྡན་པའི་བཀྲ་ཤིས་ཤོག།
བཅུ་པའི་ཚེས་གཅིག་དབུ་བརྙེསདགའ་སྟོན་ཉིན།།
ཀྲུང་ཧྭ་མེས་རྒྱལ་སྟོབས་ལྡན་དཔལ་ཡོན་དར།།
མི་དམངས་ཀུན་ལ་བདེ་སྐྱིད་དཔལ་སྟེར་ཞིང་།།
མཚན་སྙན་རྒྱལ་ཁམས་ཁྱབ་པའི་རྟེན་འབྲེལ་ཞུ།།
བློ་སེམས་བརྟན་པོས་ཡར་བརྩོན་ལྷུར་ལེན་གཅིག།
དཀའ་སྤྱད་སྙིང་རུས་ལས་དོན་ཧུར་ཐག་གཉིས།།
མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་སྒྲིལ་བ་ཡིས།།
མ་འོངས་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་སྨོན།།
མཐུན་སྒྲིལ་སྟོབས་ཤུགས་གཅིག་ཏུ་བསྒྲིལ་བའི་མཐུས།།
ཀྲུང་ཧྭ་མི་རིགས་དར་ཞིང་རྒྱས་པ་དང་།།
ཞི་བདེ་བརྟན་ལྷིང་དཔལ་འབྱོར་གོང་འཕེལ་གྱིས།།
ཐམས་ཅད་དགའ་བདེའི་དཔལ་ལ་མཉམ་རོལ་སྨོན།།
རྒྱལ་སྟོན་དུས་ཆེན་བཀྲ་ཤིས་རྟེན་འབྲེལ་ཞུ།།
མེས་རྒྱལ་སྟོབས་ལྡན་རྟག་ཏུ་གནས་གྱུར་ཅིག།
མི་དམངས་བདེ་སྐྱིད་རྟག་ཏུ་གནས་གྱུར་ཅིག།
འཛམ་གླིང་ཞི་བདེའི་དཔལ་ལ་གནས་གྱུར་ཅིག།
བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག།
མེས་རྒྱལ་དར་ཞིང་རྒྱས་པའི་བཀྲ་ཤིས་ཤོག།
མི་རིགས་མཐུན་བསྒྲིལ་ལྡན་པའི་བཀྲ་ཤིིས་ཤོག།
ཐམས་ཅད་དགའ་བདེའི་ཁྱབ་པའི་བཀྲ་ཤིས་ཤོག།
ལོ་རྒྱུས་རིང་མོའི་འཕེལ་རིམ་གསར་པའི་ཁྲོད།།
དར་རྒྱས་གོང་འཕེལ་གོམ་སྟབས་མྱུར་མོ་སྤོས།།
བཀྲ་ཤིས་བདེ་ལེགས་ཕུན་སུམ་ཚོགས་པར་ཤོག།
མེས་རྒྱལ་དར་ཞིང་རྒྱས་པའི་བཀྲ་ཤིས་ཤོག།
༼ རྐང་ལམ་དཀར་པོ། ༽
