བདག་གི་བྲང་གཞུང་ན་ཚ་སོབ་སོབ་ཏུ་ཡོད་པ་ནི།
ངའི་རྒྱལ་ཁབ་ཡིན།
རྒྱལ་ཁབ་ནི་བླ་སྲོག་ཁེན་སའི་རི་བོ་དེ་ཡིན་ལ།
མི་རིགས་ནི་དེ་ལ་འཁོར་བའི་རི་དྭགས་རྣམས་ཡིན།
ང་མེས་རྒྱལ་ལ་དགའ། ཧ་ཅང་དགའ།
དགའ་བ་འདིས་ངའི་རྒྱལ་ཁབ་ཀྱི་མཛད་བཟང་མཐོང་ཐུབ།
རང་དབང་དང་ལྷིང་འཇགས།ཞི་བདེའི་ཚོར་བ་མྱོང་ཐུབ།
ཁ་ཚིག་ཙམ་མིན་པར་ང་རང་སེམས་གཏིང་ནས་
མེས་རྒྱལ་ལ་དགའ།
འཛམ་གླིང་ལ་ངོམ་ཆོག་པའི་
རང་རྒྱལ་གྱི་ཇུས་བཟང་དང་ལམ་བཟང་དག་ནི།
ངའི་སྤོབས་པ་དང་ཡིད་ཆེས་ཡིན།
ང་མེས་རྒྱལ་ལ་དགའ། ཧ་ཅང་དགའ།
༼ ཐེའུ་ཡུག། ༽
