ལ་ངོས་ཞུས་ཧྲི་ཡུའེ་ཡི་གཞུང་ལས་ཁང་དང་བཞུགས་གནས་རྙིང་ཤུལ། ལྕགས་ཟམ་རྫོང་ལ་ངོས་ཡུལ་ཤོག་ཏུ་གནས་ཡོད། སྤྱི་ལོ1935ལོའི་ཟླ་བ11པར་དམར་དམག་ལ་ངོས་ལ་སླེབས་རྗེས། ཞུས་ཧྲི་ཡུའེ་ཡིས་གནས་དེར་གཞུང་ལས་ཁང་དང་སྡོད་གནས་བཙུགས་ཡོད།
ལྕགས་ཟམ་ལ་ངོས་དམར་དམག་སྨན་ཁང་གི་རྙིང་ཤུལ། དམར་དམག་ལ་ངོས་ལ་སླེབས་རྗེས། རི་ཁུག་གྲོང་སྡེའི་གྲོང་མི་ཅ་ཧྲི་ཧྭའི་ཁང་པ་གསུམ་དུ་དམར་དམག་གི་སྨན་ཁང་བཙུགས་ཡོད།
ལྕགས་ཟམ་ཤིང་ལག་དགུའི་དམར་དམག་གི་འཐབ་རའི་རྙིང་ཤུལ། ཤིང་ལག་དགུ་ནི་ལྕགས་ཟམ་རྫོང་གི་བྱང་དུ་ཡོད། སྤྱི་ལོ1935ལོའི་ཟླ་བ11པའི་འགོར། དམར་དམག་གིས་ཤིང་ལག་དགུ་རུ་ཡོད་པའི་གོ་མིན་ཏང་གི་བཙན་རྫོང་ལ་རྒོལ་རྡུང་དྲག་པོ་བྱས་ཏེ་ལྷོ་ནས་འགག་སྨད་དུ་བསྐྱོད་པའི་འགྲོ་ལམ་བཟོས་ཡོད།
ལྕགས་ཟམ་ལ་ངོས་ཆུས་སུའུ་ཝེར་ཨེར་རྙིང་ཤུལ། སྤྱི་ལོ1935ལོའི་ཟླ་བ11པའི་ཟླ་གཞུང་ལ། དམར་དམག་གིས་ལ་ངོས་མང་ཚོགས་ལ་རོགས་རམ་བྱས་ཏེ་ལ་ངོས་སུའུ་ཝེར་ཨེར་སྲིད་གཞུང་འཛུགས་ཡོད་ཅིང་། སྐྱིད་ཐང་རྫོང་སུའུ་ཝེར་ཨེར་ཡི་ཁོངས་སུ་གཏོགས་ཤིང་། དེའི་མངའ་ཞབས་སུ་མངའ་འོག་ཡུལ་ཤོག་སུའུ་ཝེར་ཨེར་དང་། མངའ་འགྲོ་ཡུལ་ཤོག་སུའུ་ཝེར་ཨེར། ཇོ་བོ་ཡུལ་ཤོག་སུའུ་ཝེར་ཨེར། རི་ཐོག་ཡུལ་ཤོག་སུའུ་ཝེར་ཨེར་བཅས་ཡོད། སུའུ་ཝེར་ཨེར་སྲིད་གཞུང་གིས་དམར་དམག་ལ་གཡས་གཞོགས་གཡོན་འདེགས་ཀྱིས་དམག་འཐབ་བྱས་ཤིང་། དམར་དམག་ལ་བཟའ་འབྲུ་རྒྱ་མ་ཁྲི10ལྷག་བསྡུས་ཡོད།
ལྕགས་ཟམ་ཡང་རྩེ་སྒང་དམར་དམག་གི་འཐབ་རའི་རྙིང་ཤུལ། སྤྱི་ལོ1935ལོའི་ཟླ་བ12པར་ལི་པའོ་པིང་གི་དཔུང་སྡེའི་མི་བརྒྱ་ལྷག་གིས་ལ་ངོས་ཡོད་པའི་དམར་དམག་ལ་འཇབ་རྒོལ་བྱས་ཏེ། ལ་ངོས་ཀྱི་ཡང་རྩེ་སྒང་དུ་དམར་དམག་གི་སོ་རྟོག་པ་དང་དམག་འཐབ་དྲག་པོ་བྱས། དམར་དམག་གིས་སྐྱ་ཆས་རུ་ཁག་གི་རུ་དཔོན་བསད་ནས་འཐབ་འཛིང་ལ་རྒྱལ་ཁ་ཐོབ་ཡོད།
ལྕགས་ཟམ་ལ་ངོས་ཡང་རྩེ་སྒང་གི་དམར་དམག་སྔོན་གཤེགས་དཔའ་བོའི་བང་སོ། ལྕགས་ཟམ་ལ་ངོས་ཡང་རྩེ་སྒང་གི་ར་བར་དམར་དམག་གི་སྔོན་གཤེགས་དཔའ་བོ159སྦས་ཡོད།
མངའ་འགྲོ་ཡུལ་ཤོག་སུའུ་ཝེར་ཨེར་རྙིང་ཤུལ། སྤྱི་ལོ1935ལོའི་ཟླ་བ11པའི་ཟླ་གཞུང་ལ། དམར་དམག་གིས་ལ་ངོས་མང་ཚོགས་ལ་རོགས་རམ་བྱས་ཏེ་ལ་ངོས་སུའུ་ཝེར་ཨེར་སྲིད་གཞུང་འཛུགས་ཡོད་ཅིང་། སྐྱིད་ཐང་རྫོང་སུའུ་ཝེར་ཨེར་(ད་ལྟ་དར་མདོ་གྲོང་ཁྱེར་སྐྱིད་ཐང་གྲོང་རྡལ)ཡི་ཁོངས་སུ་གཏོགས་ཤིང་། དེའི་མངའ་ཞབས་སུ་མངའ་འོག་ཡུལ་ཤོག(ད་ལྟ་མངའ་འོག་གྲོང་སྡེ)སུའུ་ཝེར་ཨེར་དང་། ཇོ་བོ་ཡུལ་ཤོག(ད་ལྟ་ཇོ་བོ་གྲོང་སྡེ)སུའུ་ཝེར་ཨེར། རི་ཐོག་ཡུལ་ཤོག(ད་ལྟ་རི་ཐོག་གྲོང་སྡེ)སུའུ་ཝེར་ཨེར། མངའ་འགྲོ(ད་ལྟ་མངའ་འགྲོ་གྲོང་སྡེ)སུའུ་ཝེར་ཨེར་བཅས་ཡོད།
(སྐལ་ཐུབ་གྱིས་བསྒྱུར།)
