སྤྱི་ཟླ10པའི་ཚེས7ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་རྒྱལ་ཁབ་ནུས་རྒྱུ་ཅུས་ནས་ཤེས་རྟོགས་བྱུང་བར། ད་ལོའི་ཟླ་བ་དང་པོ་ནས་བརྒྱད་པའི་བར། རྒྱལ་ཡོངས་ཀྱི་གློག་ཤུགས་ཉོ་ཚོང་སྒྲིག་གཞི་ཁག་གིས་རིམ་རྩིས་བརྒྱབ་ན་གློག་ཆན་ཝ་ཆུ་ཚོད་དུང་ཕྱུར51800ཉོ་ཚོང་བྱས་པ་དེ་ན་ནིང་དུས་མཚུངས་ལས་བརྒྱ་ཆ19.2འཕར་ཡོད།
སྤྱི་ཟླ་བརྒྱད་པར་རྒྱལ་ཡོངས་ཀྱི་གློག་ཤུགས་ཉོ་ཚོང་སྒྲིག་གཞི་ཁག་གི་ཉོ་ཚོང་གློག་འབོར་ཆན་ཝ་ཆུ་ཚོད་དུང་ཕྱུར7548ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ15.2འཕར་བ་དང་། ཉོ་ཚོང་ཁྱབ་ཁོངས་ནས་བལྟས་ན། ཞིང་ཆེན་ནང་ཁུལ་གྱི་ཉོ་ཚོང་གློག་འབོར་ཆན་ཝ་ཆུ་ཚོད་དུང་ཕྱུར5638ལ་ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ16.0འཕར་བ་དང་། ཞིང་ཆེན་དང་ས་ཁུལ་བསྒྲལ་ནས་གློག་ཉོ་ཚོང་བྱེད་ཚད་ཆན་ཝ་ཆུ་ཚོད་དུང་ཕྱུར1910ལ་ཟིན་པ་དེ་ན་ནིང་དུས་མཚུངས་ལས་བརྒྱ་ཆ11.4འཕར་ཡོད། ཉོ་ཚོང་རིགས་ནས་བལྟས་ན། དུས་ཡུན་འབྲིང་རིང་གི་ཉོ་ཚོང་གློག་འབོར་ཆན་ཝ་ཆུ་ཚོད་དུང་ཕྱུར6819ལ་ཟིན་པ་དང་། ལག་ཡོད་གློག་གི་ཉོ་ཚོང་གློག་འབོར་ཆུ་ཚོད་ཆན་ཝ་དུང་ཕྱུར729ལ་ཟིན་ཡོད། ལྗང་མདོག་གློག་གི་ཉོ་ཚོང་གློག་འབོར་ཆན་ཝ་ཆུ་ཚོད་དུང་ཕྱུར264ལ་ཟིན་པ་དེ་དུས་མཚུངས་ལས་བརྒྱ་ཆ7.7འཕར་ཡོད།
( མི་དམངས་ཉིན་རེའི་ཚགས་པར་ནས་དྲངས།)
