སྤྱི་ཟླ10པའི་ཚེས3ཉིན།ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་ཡིས་ལྕགས་ཟམ་རྫོང་དུ་བརྙན་ལམ་ནས་རྫོང(གྲོང་ཁྱེར)ཁག་དང་འབྲེལ་ཡོད་སྡེ་ཚན་གྱི་ལས་དོན་བཀོད་སྒྲིག་གནང་སྟེ་རྒྱལ་སྟོན་དུས་ཆེན་རིང་གི་ཞབས་ཞུ་འགན་ལེན་དང་། ཡུལ་སྐོར་སྒྲིག་ལམ། ཉེན་མེད་ཐོན་སྐྱེད་སོགས་ཀྱི་ལས་དོན་ལ་བཀོད་སྒྲིག་ཡང་ཡང་གནང་བ་རེད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཕེལ་རྒྱས་དང་ཉེན་མེད་གཅིག་གྱུར་འཆར་འགོད་བྱ་རྒྱུའི་སྐོར་གྱི་རྒྱས་བཤད་གལ་ཆེན་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། ཞིང་ཆེན་ཏང་ཨུ། ཞིང་ཆེན་སྲིད་གཞུང་བཅས་ཀྱི་བཀོད་སྒྲིག་བླང་བྱ་ཁྱོན་ཡོངས་ནས་དོན་ལ་འཁྱོལ་ཏེ། ཉེན་མེད་ལས་ཀ་དམ་འཛིན་དང་ཞབས་ཞུ་འགན་ལེན་ཏན་ཏིག་བྱས་ཏེ་གུང་གསེང་གཏོང་ན་ལྷོད་གཡེང་མི་བྱེད་པ་དང་དུས་ཆེན་གཏོང་སྐབས་ལས་ཀ་མཚམས་ཚིགས་མི་ཆད་པ་བྱ་དགོས་པ་དང་། ཉེན་ཁ་འགོག་ཟོན་དང་ཉེན་མེད་འགན་ལེན། བརྟན་ལྷིང་སྲུང་སྐྱོང་། ཞབས་ཞུ་ལེགས་གཏོང་། འཛད་སྤྱོད་ལ་སྐུལ་བ་བཅས་ཀྱི་ལས་དོན་ཁག་གཅིག་གྱུར་འཆར་འགོད་ཀྱིས་མི་རིགས་ཁག་གི་མང་ཚོགས་དང་རྒྱ་ཆེའི་ཡུལ་སྐོར་བ་རྣམས་བདེ་ཞིང་སྐྱིད་པའི་རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་ཞིག་གཏོང་ཐུབ་པར་ཤུགས་ཡོད་རྒུས་ཁག་ཐེག་བྱ་དགོས་པའི་ནན་གསུང་གནང་།
ཚོགས་འདུར་ཁུལ་ཡོངས་ཀྱི་རྒྱལ་སྟོན་དུས་ཆེན་གུང་གསེང་རིང་གི་རིག་གནས་ཡུལ་སྐོར་ཚོང་རའི་འཁོར་སྐྱོད་དང་ཉེན་ཁའི་མངོན་མེད་རྐྱེན་ངན་གྲལ་བཤེར། འགྲོ་ལམ་འགྲིམ་འགྲུལ་ཤར་བགྲོད་འགན་ལེན། འཚུབ་བསྟུན་ལས་རེས་ཐག་གཅོད། ཡུལ་སྐོར་ཞབས་ཞུ་སོགས་ལས་ཀ་སྤེལ་ཚུལ་སྙན་ཞུར་གསན་འཇོག་གནང་ཞིང་། ཀྲའོ་པོ་ཡིས་འབྲེལ་ཡོད་རྫོང(གྲོང་ཁྱེར)གི་ལས་ཀའི་གནས་ཚུལ་སྐབས་བསྟུན་བཀོད་སྒྲིག་བྱས་པར་མ་ཟད། ལས་གནས་དང་པོར་བརྟན་སྲུང་བྱེད་མཁན་རྒྱ་ཆེའི་ལས་བྱེད་དང་ལས་བཟོར་དུས་ཆེན་གྱི་བཀྲ་ཤིས་སྨོན་འདུན་ཞུ་བ་དང་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུས་པ་རེད། ཀྲའོ་པོ་ཡིས་ས་གནས་ཁག་དང་སྡེ་ཚན་ཁག་གིས་ལྷོད་གཡེང་གི་བསམ་པ་དང་སྟེས་དབང་གི་བསམ་པ་མཐའ་གཅིག་ཏུ་དོར་ནས་གཙོ་གནད་ཁྱབ་ཁོངས་དང་གནད་འགག་ལྷུ་ཚིགས། ཞན་ཆ་བཅས་ལ་དོ་སྣང་ཆེན་པོ་བྱས་ཏེ་ལས་དོན་ཁག་སྔར་བས་ཞིབ་ཚགས་དང་སྔ་བས་དམ་འཛིན་བྱས་ནས་དུས་ཆེན་རིང་སྤྱི་ཚོགས་ཀྱི་ཁྱོན་ཡོངས་བརྟན་ལྷིང་དང་གོ་རིམ་ལྡན་པ། རིག་གནས་ཡུལ་སྐོར་ཚོང་ར་བརྟན་པོའི་ངང་འཁོར་སྐྱོད་བྱེད་པ། མི་རིགས་ཁག་གི་མང་ཚོགས་དང་ཡུལ་སྐོར་བས་སྤྲོ་སྐྱིད་བག་འཕེལ་ངང་གུང་གསེང་གཏོང་ཐུབ་པར་ཁག་ཐེག་བྱ་དགོས་ཞེས་གསུངས་པ་རེད།
ཀྲའོ་པོ་ཡིས་ནན་གསུང་གནང་དོན། བདེ་འཇགས་ཀྱི་མཐིལ་མཚམས་ནན་སྲུང་དང་འགན་འཁྲིའི་འབྲེལ་ཐག་དམ་པོར་བཟུང་ནས་ལྗོངས་ཁུལ་དང་ཡུལ་མིའི་གནས་ཚང་། གྲོང་ཁྱེར་ས་ཚུགས་དང་དེ་བཞིན་ནུས་ཁུངས་གསར་པའི་གློག་གསོག་ཡོ་བྱད་སོགས་གཙོ་གནད་ས་ཁོངས་ལ་དོ་སྣང་ཆེན་པོ་བྱ་དགོས་པ་དང་། རྒྱུན་རྣམ་ཅན་གྱི་ཉེན་མེད་སྐོར་ཞིབ་དང་མངོན་མེད་རྐྱེན་ངན་གྲལ་བཤེར་བྱ་དགོས།འཚུབ་བསྟུན་སྔོན་ཇུས་འཐུས་ཚང་དུ་གཏོང་བ་དང་འཚུབ་བསྟུན་གྲ་སྒྲིག་ཡག་པོ་བྱས་ཏེ་ལས་འཛོལ་ཚབས་ཆེན་དང་ཆག་སྒོ་ཆེན་པོ་ཐོན་པ་སྔོན་འགོག་མཐའ་གཅིག་ཏུ་བྱ་དགོས། ཞབས་ཞུ་འགན་ལེན་ཏན་ཏིག་དང་། རིག་གནས་ཡུལ་སྐོར་ཚོང་རའི་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། ཡུལ་སྐོར་ཟང་ཟིང་གི་ཆེད་དོན་བཅོས་སྒྲིག་ཡང་དག་བྱ་དགོས་པ་དང་། ཡུལ་སྐོར་བ་ཁག་བགོས་ཁྲིད་སྟོན་དང་། བློ་འདྲི་རོགས་སྐྱོབ། ངལ་གསོ་མཁོ་སྤྲོད་སོགས་དམངས་ཕན་ཞབས་ཞུ་སྔར་བས་ལེགས་སུ་གཏོང་བ།ལས་རེས་ལས་སྲུང་དམ་འཛིན་བྱས་ནས་ཆུ་ཚོད24རིང་ཆེད་ལས་མི་སྣས་ལས་རེས་བྱེད་པ་དང་མགོ་ཁྲིད་ལས་བྱེད་པས་ལས་གནས་སུ་ལས་རེས་སྣེ་ཁྲིད་བྱེད་པ། ཕྱི་རོལ་འགྲོ་དུས་ཐོ་འགོད་སྙན་ཞུ་སོགས་ཀྱི་ལམ་ལུགས་དོན་འཁྱོལ་ནན་ཏིག་བྱས་ཏེ་དུས་ཆེན་རིང་གི་ལས་དོན་ཁག་འབྲེལ་མཐུད་བདེ་བླག་དང་འཁོར་སྐྱོད་གོ་རིམ་ལྡན་པ་བཅས་ཡོང་བར་འགན་ལེན་བྱ་དགོས།
འབྲེལ་ཡོད་ཁུལ་མགོ་ཁྲིད་དང་།རྫོང(གྲོང་ཁྱེར)ཁག་དང་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས།།( ལྷ་འཛོམས་ཀྱིས་བསྒྱུར།)
