སྤྱི་ཟླ10པའི་ཚེས1ཉིན། ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་དར་མདོ་གྲོང་ཁྱེར་དུ་ཕེབས་ནས་རྒྱལ་སྟོན་དུས་ཆེན་རིང་གི་ཡུལ་སྐོར་ཞབས་ཞུའི་འགན་ལེན་དང་ཉེན་མེད་ཐོན་སྐྱེད་སོགས་ཀྱི་ལས་ཀར་རྟོག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་བ་དང་། ལས་ཡུལ་དང་པོར་ལས་སྒྲུབ་བྱེད་བཞིན་པའི་མི་དམངས་ཉེན་རྟོག་པ་དང་ལས་དོན་མི་སྣ། ཁུལ་ཡོངས་ཀྱི་ལས་གནས་བརྟན་སྲུང་གི་རྒྱ་ཆེའི་ལས་བྱེད་པ་དང་ལས་བཟོ་ཡོངས་ལ་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་དང་དུས་ཆེན་ལ་བཀྲ་ཤིས་སྨོན་འདུན་ཞུས་པ་རེད། ཁོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིག་གནས་ཡུལ་སྐོར་ལས་དོན་དང་ཉེན་མེད་ཐོན་སྐྱེད་སྐོར་གྱི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བཀོད་སྒྲིག་དོན་འཁྱོལ་ཏན་ཏིག་བྱས་ནས་ཉེན་མེད་འགན་འཁྲི་ནན་པོ་དང་ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་བ།( པར་ངོས་གཉིས་པར་གཟིགས།)
