国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音

  • 日
    历
  • 上
    一
    期
  • 下
    一
    期

གསར་འགྱུར་གནད་བསྡུས།

■ སྤྱི་ཟླ10པའི་ཚེས6ནས་ཚེས8ཉིན་བར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཞིང་དཔོན་ཧྲི་ཞའོ་ལིན་གྱིས་དཀར་མཛེས་ཁུལ་དུ་རྟོག་ཞིབ་གནང་སྐབས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”འཕེལ་རྒྱས་དམིགས་ཚད་དང་ལས་འགན་ལ་དམིགས་ཏེ། ཏན་ཏན་ཏིག་ཏིག་གིས་མི་རིགས་ས་ཁུལ་ཡུན་རིང་བདེ་འཇགས་དང་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྐུལ་འདེད་གཏང་དགོས་ཞེས་གསུངས།

■ ད་ལོ་ནས་བཟུང་། དཀར་མཛེས་ཁུལ་གྱིས“གནས་མཆོག་དཀར་མཛེས། སྟོན་གཞུང་གི་བརྩེ་བ”ཞེས་པའི་གཙོ་དོན་ལ་དམིགས་ནས་ཁྱད་ལྡན་བྱེད་སྒོ་ཐེངས74སྤེལ་བ་དང་། ཡུལ་སྐོར་བ་ཁྲི136ལྷག་བྱེད་སྒོར་ཞུགས་པ་རེད། ཡུལ་སྐོར་གྱི་བཞུར་ཚད་དེ་དཔལ་འབྱོར་གྱི་བཞུར་ཚད་དུ་འགྱུར་བར་བསྐུལ་ནས་ཁུལ་ཡོངས་ཀྱི་རིག་གནས་དང་ཡུལ་སྐོར། དཔལ་འབྱོར་བཅས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྒུལ་ཤུགས་ཆེན་པོ་བསྣན་ཡོད།

■ སྤྱི་ཟླ10པའི་ཚེས8ཉིན། དཀར་མཛེས་ཁུལ་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་ནས་ཤེས་རྟོགས་བྱུང་བར་གཞིགས་ན། དཀར་མཛེས་ཁུལ་གྱི“ངའི་ཉེ་འགྲམ་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་གཏམ་རྒྱུད”ཅེས་པའི་བསྡུ་རུབ་བྱེད་སྒོའི་བྱ་དགའ་ཐོབ་པའི་མིང་ཐོ་ཕྱིར་བསྒྲགས་པ་རེད། བྱ་དགའ་ཨང་དང་པོ་ཐོབ་མཁན2དང་། ཨང་གཉིས་པ་ཐོབ་མཁན4 ཨང་གསུམ་པ་ཐོབ་མཁན8དང་ཕུལ་བྱུང་བྱ་དགའ་ཐོབ་མཁན16བཅས་དཔྱད་འདེམས་བྱས་པ་རེད། སྤྱི་བསྒྲགས་དུས་ཚོད་ནི་སྤྱི་ཟླ10པའི་ཚེས་8ཉིན་ནས་ཚེས13ཉིན་བར་ཡིན།

■ རྒྱལ་སྟོན་དུས་ཆེན་རིང་། བརྒྱད་ཟིལ་རྫོང་གིས་ཁྱབ་ཁོངས་ཡོངས་སུ་མངོན་མེད་རྐྱེན་ངན་ཚགས་བཤེར་བཅོས་སྒྲིག་ལས་དོན་སྤེལ་ཏེ། ལམ་རྒྱུད་ཀྱི་ཚོང་ཁང་དང་བཟའ་བཏུང་ཁྲོམ་བཀྱག་སོགས་གཉེར་སྐྱོང་བྱ་ཡུལ་དུ་གློག་དང་སོལ་རླངས་སྤྱོད་ཚུལ། བཟའ་བཅའ་གཉེར་སྐྱོང་། ནགས་ཚལ་མེ་འགོག་ཁྱབ་ཁོངས་སོགས་ཀྱི་མངོན་མེད་རྐྱེན་ངན་གནས་ཚུལ་ལ་ཚགས་བཤེར་བྱས་ཏེ། ཕྱོགས་ཡོངས་ནས་རིག་གནས་ཡུལ་སྐོར་གྱི་ཉེན་མེད་མཐིལ་ཚད་འགན་སྲུང་བྱས་པ་རེད།

■ རྒྱལ་སྟོན་དུས་ཆེན་རིང་། སྡེ་རོང་རྫོང་གིས་མངོན་མེད་རྐྱེན་ངན་གྱི་ཚགས་བཤེར་དང་། ཆུ་ལམ་སྐོར་བཤེར། ཆེད་དོན་ལྟ་སྐུལ་མཛུབ་ཁྲིད་སོགས་ཀྱི་ལས་དོན་སྤེལ་ནས་ཤུགས་ཡོད་རྒུས་ཉེན་མེད་ཐོན་སྐྱེད་ཀྱི་མཐིལ་ཚད་བརྟན་སྲུང་བྱས།

■ རྒྱལ་སྟོན་དུས་ཆེན་རིང་། ལྕགས་ཟམ་རྫོང་གིས་རིག་རྩལ་འགྲེམས་སྟོན་སྣ་ཚོགས་དང་མཉམ་འགུལ་ཉམས་ལེན་བྱེད་སྒོ་ཐེངས་བཅུ་ལྷག་སྤེལ་བ་དང་། རིམ་རྩིས་བྱས་ན་ཡུལ་སྐོར་བ་ཁྲི61.1869ལ་སྣེ་ལེན་ཞུས་ཡོད། ན་ལོའི་དུས་མཉམ་ལས་བརྒྱ་ཆ5.93འཕར་བ་དང་། ཡུལ་སྐོར་ཡོང་འབབ་སྒོར་ཁྲི102793.86ལོན་པ་རེད།

■ སྤྱི་ཟླ10པའི་ཚེས8ཉིན། སི་ཁྲོན་ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཁབ་ཚད་གཞི《ཡུལ་སྐོར་ལྗོངས་ཁུལ་གྱི་སྤུས་ཚད་རིམ་དབྱེ》དང《ཡུལ་སྐོར་ལྗོངས་ཁུལ་གྱི་སྤུས་ཚད་རིམ་པ་དོ་དམ་བྱ་ཐབས》ལ་གཞིར་བཟུང་སྟེ། གྲོང་ཁྱེར(ཁུལ)ཁག་གི་ཡུལ་སྐོར་ཐོན་ཁུངས་འཆར་འགོད་གསར་སྤེལ་སྤུས་ཚད་དཔྱད་བསྡུར་གཏན་འབེབས་ཨུ་ལྷན(ལྗོངས་ཁུལ་དཔྱད་འདེམས་ཨུ་ལྷན)གྱིས་འོས་སྦྱོར་བྱས་པ་དང་།སི་ཁྲོན་ཞིང་ཆེན་ཡུལ་སྐོར་ཐོན་ཁུངས་འཆར་འགོད་གསར་སྤེལ་སྤུས་ཚད་དཔྱད་བསྡུར་གཏན་འབེབས་ཨུ་ལྷན་གྱིས་དཔྱད་བསྡུར་གཏན་འབེབས་སྒྲིག་འཛུགས་བྱས་པ་བརྒྱུད་དཀར་མཛེས་ཁུལ་ཆུ་གཉིས་ལྗོངས་ཁུལ་དེ་རྒྱལ་ཁབAབཞི་རིམ་པའི་ལྗོངས་ཁུལ་ལ་གཏན་ཁེལ་བྱས་པ་རེད།

■ སྤྱི་ཟླ9པའི་ཚེས25ཉིན་ནས་སྤྱི་ཟླ10པའི་ཚེས7ཉིན་བར། འདབ་པ་ཉི་སྟེན་ལྗོངས་ཁུལ་གྱིས་རིམ་རྩིས་བྱས་ན་ཡུལ་སྐོར་བ132210ལ་སྣེ་ལེན་ཞུས་པ་དང་། ན་ལོའི་དུས་མཉམ་ལས་བརྒྱ་ཆ35.6འཕར་བ་རེད།

( སྐལ་བཟང་རྒྱ་མཚོས་བསྒྱུར།)