国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音

  • 日
    历
  • 上
    一
    期
  • 下
    一
    期

རང་ཁུལ་གྱིས“གནད་འཁེལ་གསུམ”ལ་བརྟེན་ནས“དུས་ཆེན་གཉིས”ཀྱི་འགྲིམ་འགྲུལ་སྐྱེལ་འདྲེན་ཉེན་མེད་ཡོང་བར་བྱས།

ཉེན་ཁ་ཞིབ་འཇུག་དང་བརྡར་གཅོད་གནད་འཁེལ་བྱས་པ། ས་ཁོངས་བགོས་ནས་འཚུབ་བསྟུན་ཉེན་སྐྱོབ་རུ་ཁག20བཀོད་སྒྲིག་བྱས་ཏེ་འཕྲལ་སྒྲུབ་རུ་མི220དང་། འཕྲུལ་ཆས་འཁོར་རིགས156གྲ་སྒྲིག་བྱས་པ།རྒྱལ་ཁབ་དང་ཞིང་ཆེན་གྱི་མ་ལམ་སྤྱི་ལེ4954ལ་དྲྭ་བཤེར་བྱས་པ་དང་མངོན་མེད་རྐྱེན་ངན288བཅོས་སྒྲིག་བྱས་ཡོད། ལམ་རྟགས་བྱང་བུ223ཁ་སྣོན་བརྒྱབ་པ་དང་།རྡུང་འགོག་སྲུང་ར་སྨི2044ཉམས་གསོ་བྱས་པ། ཚད་ཐིག་སྨི་ཁྲི1.6ལྷག་བསྐྱར་གསབ་བྱས་པ། འདམ་རྡོ་ཆུ་རུད་སྨི་རྒྱ་དཔངས་གྲུ་བཞི2472གཙང་སེལ་བྱས་པ།གཙོ་གནད་འབྱུང་རྩའི་ཁེ་ལས48ལ་ལྟ་སྐུལ་མཛུབ་ཁྲིད་བྱས་པ་དང་།ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད12ལ་ཞིབ་བཤེར་ཆད་གཅོད་བྱས་ཡོད།

སྐྱེལ་འདྲེན་སྤུས་ཚད་གནད་འཁེལ་བྱས་པ། འགྲུལ་སྐྱེལ་སྔོན་དཔག་ཞིབ་འཇུག་དང་བརྡར་ཤ་བཅད་དེ་ཁུལ་ཡོངས་ཀྱིAརིམ་པའི་ལྗོངས་ཁུལ115ལ་བར་བརྗེ་རླངས་འཁོར166དོན་འཁྱོལ་བྱས་པ་དང་། འཚུབ་བསྟུན་འགྲུལ་སྐྱེལ་རླངས་འཁོར30གྲབས་གསོག་བྱས་པ།འགྲུལ་སྐྱེལ་ལམ་ཐིག་གསར་པ9དང་རླངས་འཁོར64གསར་དུ་བསྣན་ནས་མི་རྒོད་མཚོ་སོགས་ལྗོངས་ཁུལ་གྱི་ཡུལ་སྐོར་ཆེད་སྤྱོད་ལམ་ཐིག་ཐོགས་མེད་བྱས་ཏེ་སྐྱེལ་འདྲེན་གྱི་ལས་ཆོད་ཆེ་རུ་བཏང་བ་རེད།

དང་བླངས་ཞབས་ཞུ་གནད་འཁེལ་བྱས་པ། དང་བླངས་ཞབས་ཞུའི་སྟོབས་ཤུགས་གཅིག་གྱུར་འཆར་འགོད་བྱས་ནས G318དངS434སོགས་གཙོ་གནད་ལམ་དུམ་དུ་ཁུལ་ཡོངས་ཀྱི་རྒྱལ་ཁབ་དང་ཞིང་ཆེན་མ་ལམ་གྱི་བདག་སྐྱོང་ས་ཚུགས129བཙུགས་པ་དང་། “དྲོ་སྐྱིད་ལྡན་པའི་ཁྱིམ་གཞིས”དང་། “ཁ་ལོ་བའི་ཁྱིམ་གཞིས”སོགས་གནས་སྐབས་ཞབས་ཞུ་བྱེད་ས7བཙུགས་ཡོད། གནས་སྐབས་རླངས་འཁོར་འཇོག་ས7དང་། ལམ་རྒྱུད་ཀྱི་དམངས་བདེ་ཞབས་ཞུའི་ས་ཚུགས45སོགས་བཙུགས་ནས་རིན་མི་དགོས་པར་ཆུ་ཚ་དང་། གསང་སྤྱོད་ཁང་། བློ་འདྲི་ཁང་སོགས་དམངས་ལ་སྟབས་བདེའི་ཞབས་ཞུ་མཁོ་འདོན་བྱས་པ་རེད།།

( ཀུན་དགས་བྲིས།)