国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音

  • 日
    历
  • 上
    一
    期
  • 下
    一
    期

( པར་ངོས་དང་པོར་མཐུད།)ཐོན་རྫས་མཁོ་སྤྲོད་ཕུན་སུམ་ཚོགས་སུ་གཏོང་བ་བཅས་བྱས་ཏེ་ཉེན་མེད་གོ་རིམ་ལྡན་པ་དང་ཤེས་དཔལ་ཞི་མཐུན། སྤུས་ལེགས་ནུས་ཆེའི་གུང་གསེང་ཁོར་ཡུག་ནུས་ཤུགས་ཡོད་རྒུས་བསྐྲུན་ནས་མི་དམངས་མང་ཚོགས་དུས་བདེ་དང་སྤྲོ་སྐྱིད་བག་འཕེལ་ངང་དུས་ཆེན་གཏོང་བར་འགན་ལེན་བྱ་དགོས་ཞེས་ནན་གསུང་གནང་བ་རེད།

དར་མདོ་གྲོང་ཁྱེར་དུ་སྐྱོད་པའི་ལམ་ཆེན་ས་ཚུགས་ནིG318སྒེར་འཁོར་ཡུལ་སྐོར་བ་ཚོ་མདོ་གྲོང་དུ་སྐྱོད་པའི་སྣེ་ལེན་བྱ་ཡུལ་རེད། ས་ཚུགས་དེར་ཀྲའོ་པོ་ཡིས་ནུས་རྒྱུ་གསར་པའི་གློག་གསོག་སྒྲིག་ཆས་ཀྱི་ཉེན་མེད་སྲུང་སྐྱོང་འཁོར་སྐྱོད་གནས་ཚུལ་ལ་ལྟ་ཞིབ་གནང་བ་དང་། རིག་གནས་ཡུལ་སྐོར་བློ་འདྲི་དང་ངལ་གསོ་མཁོ་སྤྲོད། འཚུབ་བསྟུན་འཕྲལ་སྒྲུབ་འགན་ལེན་སོགས་ནུས་པའི་ས་ཁོངས་འཁོར་སྐྱོད་ཀྱི་ཕན་འབྲས་ཐད་ཆ་རྒྱུས་ཞིབ་ཕྲ་བླངས་ཤིང་། ཁོང་གིས་རིག་གནས་ཡུལ་སྐོར་ས་ཚུགས་ནི་དར་མདོའི་གྲོང་ཁུལ་དུ་སྐྱོད་པའི“ས་ཚུགས་དང་པོ”ཡིན་པས་རྒྱ་ཆེའི་སྒེར་འཁོར་ཡུལ་སྐོར་བར་ཐད་ཀར་ཞབས་འདེགས་ཞུ་ས་དང་། སྒྲིག་ཆས་རྒྱུན་རྣམ་ཅན་གྱི་སྐོར་ཞིབ་སྲུང་སྐྱོང་ཏན་ཏིག་བྱས་ཏེ་གློག་གསོག་ཕུར་པ་དང་གློག་སྤྱོད་ཉེན་མེད་སོགས་གནད་འགག་ལ་དོ་སྣང་ཆེན་པོ་བྱ་དགོས་པ་དང་།མངོན་མེད་རྐྱེན་ངན་ཚགས་བཤེར་ཐག་གཅོད་ལམ་སྲོལ་འཐུས་ཚང་དུ་བཏང་ནས་འབྱུང་རྩ་བཅོས་སྒྲིག་དང་དུས་ཐོག་ཏུ་ཐག་གཅོད་བྱ་དགོས་ཞེས་ནན་གསུང་གནང་།

མི་རྒོད་མཚོ་ལྗོངས་ཁུལ་དུ་ཀྲའོ་པོ་ཡིས་ལས་གནས་དང་པོའི་ལས་རེས་མི་སྣ་དང་དང་བླངས་ཞབས་ཞུའི་ལས་དོན་པ་རྣམས་ལ་བྱམས་བརྩེའི་ངང་གླེང་མོལ་གནང་སྟེ་ལྗོངས་ཁུལ་གྱི་ཉེན་མེད་སྔོན་འགོག་དང་། ཡུལ་སྐོར་ཞབས་ཞུའི་འགན་ལེན། འཛད་སྤྱོད་ལས་རིགས་གཉེར་སྐྱོང་། ནགས་རྩྭ་མེ་ཟོན་སོགས་ཀྱི་ལས་དོན་སྙན་ཞུར་ནན་ཏན་ངང་གསན་པ་རེད། ཁོང་གིས་ནན་གསུང་གནང་དོན།མི་རྒོད་མཚོ་ལྗོངས་ཁུལ་ནི་དཀར་མཛེས་ཁུལ་གྱི་རིག་གནས་ཡུལ་སྐོར་གྱི་མཚོན་རྟགས་གཙོ་བོ་ཡིན་པས་ཡུལ་སྐོར་ཞབས་ཞུའི་འགན་ལེན་རྒྱུན་མཐུད་ལེགས་སུ་གཏོང་བ་དང་། ཡུལ་སྐོར་བར་ཁྲིད་སྟོན་དང་། རླངས་འཁོར་འཇོག་སྟེ་ངལ་གསོ་བ། འཚུབ་བསྟུན་རོགས་སྐྱོབ་སོགས་ཀྱི་ལེ་ལག་ཚང་བའི་སྒྲིག་བཀོད་འཐུས་ཚང་དུ་གཏོང་བ། ཡུལ་སྐོར་བའི་ཁག་བགོས་ཁྲིད་སྟོན་དང་རེ་ཞུ་མགྱོགས་མྱུར་དང་ལེན་ཐག་གཅོད་ལམ་སྲོལ་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་རིག་གནས་ཡུལ་སྐོར་ཚོང་རའི་སྒྲིག་ལམ་བཟང་པོ་སྲུང་སྐྱོང་ཏན་ཏིག་བྱ་དགོས།

དར་མདོ་གྲོང་ཁྱེར་གཡག་ར་ཡུལ་ཤོག་ཧའེ་ཆི་ཏོག་ཏོག་ཡུལ་མིའི་གནས་ཚང་དུ་ཀྲའོ་པོ་ཡིས་ཡུལ་མིའི་གནས་ཚང་གི་གུང་གསེང་སྣེ་ལེན་ཞབས་ཞུའི་འགན་ལེན་དང་། རྒྱུན་གཏན་གྱི་གཉེར་སྐྱོང་འཁོར་སྐྱོད། སྒྲིག་ཆས་ཉེན་མེད་དོ་དམ་སོགས་ཀྱི་གནས་ཚུལ་ལ་ཆ་རྒྱུས་ཞིབ་ཕྲ་གནང་བ་རེད། ཁོང་གིས་གནས་ཚང་བདག་གཉེར་པས་ཉེན་མེད་ཐོན་སྐྱེད་བྱེད་པོའི་འགན་འཁྲི་དོན་འཁྱོལ་ནན་པོ་དང་། གཉེར་སྐྱོང་མཐིལ་ཚད་ནན་སྲུང་། ཡིད་རྟོན་གྱི་ཚད་གཞི་བརྩི་སྲུང་། འགྲུལ་པར་མགོ་སྐོར་གཏོང་བ་དང་རིན་གོང་གང་བྱུང་དུ་སྤོར་བ་སོགས་ཀྱི་བྱ་སྤྱོད་མཐའ་གཅིག་ཏུ་གཏན་འགོག་བྱས་ནས་སྡོད་ཁང་གི་ཁོར་ཡུག་རྒྱུན་མཐུད་ལེགས་སུ་གཏོང་བ་དང་། ཞབས་ཞུའི་སྤུས་ཚད་མཐོ་རུ་གཏོང་དགོས། འབྲེལ་ཡོད་སྡེ་ཚན་གྱིས་མཛུབ་ཁྲིད་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ་དང་སྲིད་ཇུས་ཀྱི་རོགས་སྐྱོར་ཁྲིད་སྟོན་ལ་ཤུགས་བསྣན་ཏེ་ས་གནས་ཀྱི་ཡུལ་སྡེའི་རིག་གནས་ཡུལ་སྐོར་ལས་རིགས་རྒྱུན་མཐུད་ངང་སྟོབས་ཆེར་གཏང་བར་རོགས་རམ་བྱས་ནས་ཐོན་ཁུངས་ཀྱི་ལེགས་ཆ་དེ་ཐོན་ལས་ཀྱི་ལེགས་ཆ་དང་དམངས་ཕྱུག་གི་ལེགས་ཆར་བསྒྱུར་བར་བསྐུལ་དགོས་ཞེས་གསུངས།

ཁུལ་མགོ་ཁྲིད་ཡོན་ཀང་དང་ཧོང་ཅིན། ལི་ཁོའོ་དང་། དར་མདོ་གྲོང་ཁྱེར་དང་ཁུལ་རིམ་པའི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་བཅས་རྟོག་ཞིབ་ནང་ཞུགས་པ་རེད།།

( ལྷ་འཛོམས་དང་ཀུན་དགས་བསྒྱུར།)