国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音

  • 日
    历
  • 上
    一
    期
  • 下
    一
    期

ལྕང་ལོ་སེར་པོ་ཐང་ ལ་ལྷུང་བྱུང་།

ནམ་ཟླ་སྐད་ཅིག་མྱུར་བ་དྲི་གཞོན་རླུང་།།

བདག་མེད་ལྕང་ལོ་གཡའ་བྲལ་ལྗང་མདོག་བརྗེས།།

མདུན་གྱི་ལམ་ཕྲན་གསར་པའི་གྱ་གྱུ་ནས།།

ལྕང་ལོ་སེར་པོ་རླུང་གིས་ངའི་འགྲམ་འདེད།།

ཉི་གཞོན་དྭངས་མ་སྤྲིན་པས་གོས་ཀྱིས་བསྒྲིབས།།

སྤྲིན་དཀར་སྟངས་འགྱུ་རྒྱང་རིང་མཚམས་སུ་ཆས།།

ནམ་ཟླ་འཁྱག་པའི་སྣང་བ་སེམས་སུ་གཟན།།

ཁེར་རྐྱང་སྙན་ངག་འཐམ་ནས་ལོ་ཟླ་ཟད།།

ཉི་ནུབ་མཚམས་སྤྲིན་རི་བོ་མགུལ་ཆིངས་གྱོན།།

སྐད་མེད་རླུང་བུ་བསིལ་བསིལ་གདོང་ངོས་གཡོས།།

བརྟན་མེད་ལོ་མ་སེར་ཆེན་ཕྱོགས་བཞིར་སྤུར།།

ང་དང་ལོ་མ་འཁྲེང་སེམས་རྫོགས་ཀྱིན་མེད།།

སྡོད་ཁང་གྲུ་བཞིའི་སྒེའུ་ཁུང་ཕྱེ་པ་ནས།།

སྒེའུ་འགྲམ་ལྕང་ལོ་གར་དང་སྡོང་བཞིན་དུ།།

དབེན་པའི་སྒེའུ་ཁུང་འཁྲིས་སུ་གདན་དུ་འཐོར།།

ངའི་སྣང་མག་མོག་ལོ་མའི་ཉམས་ཀྱིས་ཁྱེར།།

ལྷོད་ཀྱིས་བཞུར་བའི་སྐད་སྙན་རྦ་རླབས་དེ།།

དགུན་ཁའི་འཁྱག་རོམ་དཀར་གྱིས་སྡོམ་འགོ་ཚེས།།

ལུས་སེམས་གྲང་བའི་སེམས་ཀྱི་སྣང་བ་ལས།།

བྲུགས་པའི་ཚོར་བའི་དགུན་གྱིས་ངའི་སེམས་མྱོས།།

ཤིག་ཤིག་གཡོ་བའི་ལམ་འགྲམ་ལྕུག་ཕྲན་ཀུན།།

སྐྱ་བོ་མདོག་གིས་བཟུང་ནས་དམའ་བར་བལྟ།།

ལོ་མ་ལྷབ་ལྷུབ་གཡོ་བཞིན་ཐང་དུ་ཟགས།།

སྟོན་མཇུག་ལོ་མ་སྐྱོ་བའི་དབྱངས་རྟ་གྱེར།།

༼ སྙན་རྐང་གླིང་། ༽