国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音

  • 日
    历
  • 上
    一
    期
  • 下
    一
    期

དར་མདོ་མི་ཉག་ལྟག་སྒོ་སློབ་ཆུང་གིས་གསར་བརྗེའི་ གླུ་གཞས་འགྲན་སྡུར་གྱི་ བྱེད་སྒོ་སྤེལ།

སྤྱི་ཟླ10པའི་ཚེས13ཉིན། ཁུལ་རིག་གནས་ཁང་གིས་གཙོ་གཉེར་བྱས་པའི་རུ་དར་མཐོ་རུ་བསྒྲེངས་ནས་ཏང་གི་རྗེས་སུ་འབྲངས། དུས་རབས་གསར་པའི་གཞོན་ནུ་བཟང་པོ་བྱེད་ཅེས་པའི་རུ་ཁག་བཙུགས་ནས་ལོ77འཁོར་བའི་རུ་ཞུགས་མཛད་སྒོ་དང་གསར་བརྗེའི་གླུ་གཞས་འགྲན་སྡུར་གྱི་བྱེད་སྒོ་དེ་དར་མདོ་གྲོང་ཁྱེར་མི་ཉག་ལྟག་སྒོ་སློབ་ཆུང་དུ་སྤེལ་བ་རེད། ལོ་ཆུང་གདོང་ལེན་རུ་ཁག་གི་དར་ཆ་སྒྲེང་མཁན་གྱིས་གོམ་སྟབས་གྲལ་འགྲིག་པོ་སྤོས་ཤིང་རུ་མི་ཡོངས་ཀྱིས་མཉམ་དུ་རུ་ཁག་གི་གླུ་བླངས་ནས་བྱེད་སྒོ་འགོ་བཙུགས། ལོ་ཆུང་གདོང་ལེན་རུ་མི་རྒན་པ་ཚོས་རུ་མི་གསར་པར་སྐེ་རས་དམར་པོ་བཏགས་པ་དང་། གསར་དུ་ཞུགས་པའི་སློབ་གྲོགས་ཡོངས་ཀྱིས་ལག་གཡས་མཐོན་པོར་བཀྱགས་ནས་བརྗིད་ཉམས་ལྡན་པའི་ངང"ང་ཀྲུང་གོ་གུང་ཁྲན་ཏང་ལ་དགའ། མེས་རྒྱལ་ལ་དགའ། མི་དམངས་ལ་དགའ། སློབ་སྦྱོང་ཡག་པོ་བྱ་རྒྱུ་ཡིན"པའི་དམ་བཅའ་བཞག་པ་རེད།

བྱེད་སྒོར་བྱིས་པའི་ཀུན་སྤྱོད་སློབ་གསོའི་ལས་དོན་གྱི་བླང་བྱར་དམ་པོར་དམིགས་ནས་ལོ་ཆུང་གདོང་ལེན་རུ་ཁག་གི་མཛད་སྒོའི་སློབ་གསོ་དང་གསར་བརྗེའི་གླུ་གཞས་ཟུང་འབྲེལ་བྱས་ཏེ་ལོ་ཆུང་གདོང་ལེན་རུ་མིས་ཏང་ལ་དགའ་བ་དང་རྒྱལ་ཁབ་ལ་དགའ་བ། མི་དམངས་ལ་དགའ་བ་བཅས་ཀྱི་ཟོལ་མེད་བརྩེ་སེམས་ཟབ་ཏུ་བཏང་ནས་རུ་མིའི་གཟི་བརྗིད་དང་རྩ་འཛུགས་ཆེ་རུ་བཏང་སྟེ་མཐོ་སྒང་གཞོན་ནུ་ལོ་ཆུང་གི་སྐྱེ་སྟོབས་དང་བསམ་པའི་ཉམས་འགྱུར་མངོན་དུ་བཅུག་པ་རེད།

( ཡེ་ཤེས་ཀྱིས་བསྒྱུར།)