སྤྱི་ཟླ10པའི་ཚེས8ཉིན། སེར་ཤུལ་རྫོང་ཉེན་མེད་ཐོན་སྐྱེད་ཨུ་ལྷན་གཞུང་ལས་ཁང་གིས་རྫོང་འཚུབ་བསྟུན་དོ་དམ་ཅུས་དང་རྫོང་མེ་གསོད་རོགས་སྐྱོབ་ཅུས་སྒྲིག་འཛུགས་བྱས་ནས་ཞིབ་བཤེར་ཚོ་ཆུང་བཙུགས་ཏེ། གྲོང་ཁུལ་གྱི་སློབ་ཆུང་དང་རྫོང་སློབ་འབྲིང་དུ་བསྐྱོད་དེ་ཕྱོགས་བསྡུས་ལྟ་སྐུལ་ལས་གནད་དོན་ཤེས་རྟོགས་བྱུང་བའི་བདེ་འཇགས་གབ་ཉེན་ལེགས་བསྒྱུར་ལ་བསྐྱར་ཞིབ་བྱེད་སྒོ་སྤེལ་བ་རེད། གཙོ་བོར་སྐུལ་སྟོན་བྱས་པའི་གནད་དོན་ལེགས་བསྒྱུར་དོན་འཁྱོལ་བྱས་མིན་དང་དུས་བཀག་ལྟར་ལེགས་བསྒྱུར་བྱས་ཚུལ་ལ་ལྟ་ཞིབ་བྱས། གནད་དོན་ལེགས་བསྒྱུར་ཕན་འབྲས་རེ་རེ་བཞིན་བདེན་ཞིབ་བྱས་པ་རེད།
ཞིབ་བཤེར་ཚོ་ཆུང་གིས་ཡུལ་དངོས་སུ་ལྟ་ཞིབ་བྱས་པ་དང་འདྲི་རྩད་བྱས་པ་སོགས་ཀྱི་བྱ་ཐབས་སྤྱད་ནས་ཕྱོགས་བསྡུས་སྐུལ་སྟོན་ལས་ཤེས་རྟོགས་བྱུང་བའི་གནད་དོན་གསལ་ཐོ་དང་དུས་བཀག་ལེགས་བསྒྱུར་ལེགས་བཅོས་ཀྱི་བླང་བྱ་གཞིར་བཟུང་སྟེ། སློབ་གྲྭ་དེ་གཉིས་ཀྱི་གནད་དོན་ལེགས་བསྒྱུར་བྱས་ཚུལ་རེ་རེ་བཞིན་བདེན་བཤེར་བྱས་ཡོད། གཙོ་བོར་ལེགས་བསྒྱུར་ཡོ་བསྲང་གི་འགན་འཁྲི་དོན་འཁྱོལ་བྱས་ཡོད་མེད་དང་། བྱེད་ཐབས་དོན་ཐོག་ཏུ་འཁྱོལ་ཡོད་མེད། ཕན་འབྲས་མངོན་གསལ་ཐོན་ཡོད་མེད། གནད་དོན་བསྐྱར་ལོག། གབ་ཉེན་སླར་ཡང་མངོན་པ་སོགས་ཀྱི་གནས་ཚུལ་ལ་ལྟ་བཤེར་བྱས་ཡོད། ལེགས་བསྒྱུར་བྱས་པར་ཕན་འབྲས་ཐོབ་མིན་ཡུལ་དངོས་སུ་གཏན་འཁེལ་བྱས་པ་དང་། ལེགས་བསྒྱུར་བྱེད་བཞིན་ཡོད་པ་དང་བྱས་ཚར་མེད་པ་དག་ལ་ཞིབ་ཚགས་ཀྱིས་ལེགས་བསྒྱུར་གྱི་མྱུར་ཚད་དང་འཕྲད་པའི་དཀའ་ངལ། རྗེས་ཕྱོགས་ཀྱི་བྱེད་ཐབས་བཅས་ལ་རྒྱུས་ལོན་བྱས་པ་དང་། ཡུལ་དངོས་སུ་ལེགས་བསྒྱུར་གནད་དོན་བསྒྲུབ་སྤྲོད་དང་ལེགས་བསྒྱུར་དུས་ཚད་དང་འགན་འཁུར་མི་སྣ་གཏན་ཁེལ་བྱས། གབ་ཉེན་ལེགས་བསྒྱུར་དོ་དམ་མ་ལུས་གནད་དུ་འཁེལ་བར་བྱས།
ཞིབ་བཤེར་ཚོ་ཆུང་གིས་སློབ་གྲྭ་ཁག་གིས་སློབ་རའི་བདེ་འཇགས་ལས་དོན་ལ་མཐོང་ཆེན་བྱས་ནས་ལྷོད་གཡེང་གི་བསམ་བློ་མཐའ་གཅིག་ཏུ་སྤང་སྟེ། ཐེངས་འདིའི་བསྐྱར་ཞིབ་ལས་དོན་གྱི་གོ་སྐབས་དམ་འཛིན་བྱས་ནས་གབ་ཉེན་ལེགས་བསྒྱུར་དང་རྒྱུན་གཏན་གྱི་ལྟ་ཞིབ་ཚད་ལེན་ལ་མུ་མཐུད་དེ་ཤུགས་སྣོན་པ་དང་། གཅིག་དཔེ་གཞན་ཤེས་ཀྱིས་རིགས་མཐུན་གནད་དོན་ཚགས་བཤེར་དག་བཅོས་བྱེད་པ་དང་། རྒྱུན་ལྡན་སྐོར་ཞིབ་དང་མེ་གསོད་དོ་དམ། འཚུབ་བསྟུན་གྲབས་སྦྱོང་སོགས་ལམ་ལུགས་ལམ་སྲོལ་འཐུས་ཚང་དུ་བཏང་ནས་གནད་དོན་བསྐྱར་ལོག་འབྱུང་བར་བཀག་འགོག་བྱས་ནས། སློབ་རའི་ཉེན་མེད་འགན་འཁྲི་གཙོ་བོ་གཏན་འཁེལ་བྱེད་པ། ལས་ཀའི་བྱ་ཐབས་ཞིབ་ཕྲ་བཟོ་བ། ཉེན་ཁ་སྔོན་འགོག་ལ་ཤུགས་བསྣན་ཏེ་སློབ་རའི་ཉེན་མེད་མཐིལ་ཚད་བརྟན་པོ་སྲུང་དགོས་པའི་བླང་བྱ་བཏོན་པ་རེད།
རྗེས་མར། སེར་ཤུལ་རྫོང་གིས་མུ་མཐུད་དེ་རྗེས་འདེད་ལྟ་སྐུལ་བྱ་རྒྱུ་དང་། དུས་ཐོག་ཏུ་བསྐྱར་ཞིབ་སྒྲིག་འཛུགས་བྱས་ནས་གབ་ཉེན་གནད་དོན་བདེན་བཅོས་དང་དངོས་བཅོས་བྱེད་པར་བསྐུལ་ནས་ནས་ཤེས་རྟོགས་བྱུང་བའི་གནད་དོན་དག་བཅོས་མ་ལུས་པར་བྱ་རྒྱུ་རེད།།
( སྐལ་བཟང་རྒྱ་མཚོས་བསྒྱུར།)
