国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音

  • 日
    历
  • 上
    一
    期
  • 下
    一
    期

ཉི་མ་ནུབ་ཁའི་དྲན་གདུང་།

ཉི་མ་ནུབ་ཁར།

གཙང་པོའི་ངོགས་སུ་ཡོད་པའི་གྲུ་ཤན་གྱི་གྲིབ་

མ་ཇེ་ནག་སོང་།

ཉི་མ་ནུབ་རིའི་རྩེ་ནས་དལ་གྱིས་བཞུད་དུས།

གྲུ་ཤན་གྱི་སྤྱན་ཆབ་བསིལ་མོ་གཙང་

པོའི་ནང་ལ་ལྷུང་།

དེ་ཡིས་གཙང་པོ་འདི་ལ་ཡོམ་ཡོམ་བྱུང་།

ཉི་མ་ནུབ་ཁར།

གཙང་བོའི་སྟེང་གི་གྲུ་ཤན་ཡོམ་ཡོམ་ངང་།

འགྲུལ་པ་ཆ་མེད་སྐོར་ཞིག་དང་ལྷན་

དུ་ཕར་ལ་སོང་།

གཙང་པོའི་ཕར་སྣེ་ནས་མི་ཞིག་ཚུར་

ལ་འོངས།

གཙང་པོའི་ཚུར་སྣེ་ནས་མི་ཞིག་ཕར་ལ་འགྲོ །

ཉི་མ་ནུབ་ཁར།

སྲོད་ཀྱི་དུས་ཚོད་ནང་བྱ་ཁྱུ་ཁྱུ་གཅིག

ཉི་ནུབ་ཕྱོགས་ནས་འཕུར་ལམ་བཟུང་།

ངང་པའང་ཁྱུ་གཅིག་གཙང་པོའི་སྟེང་ནས་

འཕྲེད་དུ་འཕུར།

སྐུ་ན་གཞོན་པའི་བུ་མོའི་མིག་གཉིས།

ན་ཚོད་གཞོན་པའི་མི་གཉིས་བཞིན་དུ་གཙང་

པོ་ལ་ཅེར།

ཉི་མ་ནུབ་པའི་མཚམས་འདིར་གཙང་པོ་

ཡོམ་ཡོམ་འགུལ།

གཙང་པོའི་རླབས་རིས་ལ་བལྟས་པའི་བུ་མོ།

སྙིམ་པའི་ནང་ལ་བཅུག་པའི་རྡོ་བ་ཆུང་ཆུང་།

གཙང་པོ་ནང་ལ་འཕྲེད་ཀྱིས་འཕངས།

རྡོ་བ་ཆུང་ཆུང་དེ་དལ་གྱིས་ཆུའི་གཏིང་ལ་

ལྷུང་འགྲོ་ཨང་།

༼ ཆོས་འབྱོར་རྒྱ་མཚོ། ༽