国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音

  • 日
    历
  • 上
    一
    期
  • 下
    一
    期

འཁེལ་འཐག་ལག་རྩལ་བརྒྱུད་འཛིན་བྱས།། མང་ཚོགས་ཕྱུག་འགྱུར་ལམ་དུ་ཁྲིད།།

16139_04B_20261019སྣམ་བུའི་ཐོན་རྫས།

16141_04B_20261019བཟོ་ཁང་གི་འགྲེམ་སྟོན་ཁང་དུ་དྲན་རྟེན་གྱི་པར་ལེན་བཞིན་པ།

16135_04B_20261019སྐལ་བཟང་སྒྲོལ་མས(གཡོན)ཧྲང་ཧའེ་རུ་བསྐྱོད་པའི་རྒྱལ་རྩེ་རྫོང་གི་གཞི་རིམ་ལས་བྱེད་པ་དབྱངས་ཅན་དང་བསམ་བློ་བརྗེ་རེས་བྱེད་བཞིན་པ།

16144_04B_20261019སྐལ་བཟང་སྒྲོལ་མ(གཡོན)དང་ཧྲང་ཧའེ་རུ་བསྐྱོད་པའི་རྒྱལ་རྩེ་རྫོང་གི་གཞི་རིམ་ལས་བྱེད་པ་དབྱངས་ཅན་གཉིས་ཀྱིས་གསར་འགོད་པར་སྣམ་བུའི་ཐོན་རྫས་སྟོན་བཞིན་པ།

16146_04B_20261019སྐལ་བཟང་སྒྲོལ་མས་བལ་སྐུད་འཁེལ་བཞིན་པ།

16137_04B_20261019སྐལ་བཟང་སྒྲོལ་མས་ཐགས་འཕྲུལ་གསར་པ་སྤྱད་ནས་སྣམ་བུ་འཁེལ་འཐག་བྱས་པས་ཕྱི་རྒྱལ་གྱི་ལྟ་སྐོར་བའི་ཡིད་དབང་བཀུགས་པ།

བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་རྒྱལ་རྩེ་རྫོང་ལྕགས་རི་རྒྱབ་ཁྲོམ་ལམ་རྙིང་པའི་ཨ་ཅག་སྐལ་བཟང་བཟོ་ཁང་དུ་བསྐྱོད་སྐབས། ཤིང་གི་ཐགས་འཕྲུལ་གྱི་ཧྲ་ཧྲའི་སྒྲ་གཅིག་རྗེས་གཉིས་མཐུད་དུ་གྲགས་བཞིན་ཡོད། ཚོན་མདངས་རྣམ་པར་བཀྲ་བའི་རས་ཆའི་བར་དུ། སྒྱུ་རྩལ་པ་ཚོས་ཐགས་འཕྲུལ་ལ་དོ་སྣང་ཆེན་པོས་བཀོལ་སྤྱོད་བྱས་ཏེ་སྣམ་བུ་འཐག་བཞིན་འདུག། སྣམ་བུ་ནི་བོད་ཀྱི་སྲོལ་རྒྱུན་འཁེལ་འཐག་ལག་རྩལ་ལས་བྱུང་བའི་བལ་འཐག་ཐོན་རྫས་ཤིག་ཡིན་ཞིང་ལོ་རྒྱུས་ཡུན་རིང་ལྡན། བོད་ལྭ་བཟོས་པ་སོགས་མི་རིགས་ཀྱི་གོས་རྒྱན་བཟོ་བྱེད་ཀྱི་རྒྱུ་ཆ་གཙོ་བོ་ཞིག་ཀྱང་ཡིན།

2022ལོའི་ལོ་མཇུག་ཏུ་ཧྲང་ཧའེ་བོད་སྐྱོར་རྒྱལ་རྩེ་ཚོགས་ཆུང་གིས་ཧྲང་ཧའེ་ཡི་འཁེལ་འཐག་གྱོན་ཆས་ཁེ་ལས་དང་སྦྲེལ་མཐུད་བྱས་ཏེ། སྣམ་བུ་འཁེལ་འཐག་ལག་རྩལ་མཐོ་རུ་གཏོང་བའི་འབྲེལ་ཡོད་འཆར་གཞི་ལག་ལེན་བསྟར་འགོ་བཙུགས་པ་རེད། 2023ལོའི་སྤྱི་ཟླ4པར་སྐལ་བཟང་སྒྲོལ་མ་དང་གཞན་དག་སྣམ་བུ་ལག་ཤེས་བཟོ་རྩལ་པ13ཧྲང་ཧའེ་རུ་ཐབས་རྩལ་དང་འདུ་ཤེས་གསར་པ་གཅིག་བསྡུས་ཐོག་གསོ་སྦྱོང་དུ་བསྐྱོད། གསོ་སྦྱོང་མཇུག་འགྲིལ་རྗེས་རྒྱལ་རྩེ་རུ་ལོག་རྗེས་སྐལ་བཟང་སྒྲོལ་མས་ཐོག་མར་ལག་རྩལ་གསར་གཏོད་ཀྱི་ལས་ཀར་ཞུགས།

སྐབས་དེ་དུས་ཧྲང་ཧའེ་ནས་ཐགས་འཕྲུལ་གསར་པ་ཞིག་གཡར་ནས་ང་རང་གཅིག་པུ་ཡིས་ཟླ་བ་གསུམ་ཙམ་རིང་རང་སྦྱོང་བྱས་པ་ཡིན་ཞེས་སྐལ་བཟང་སྒྲོལ་མས་ཕྱིར་དྲན་བྱས་ནས་དེ་ལྟར་བཤད། རྒྱུན་མཐུད་ཀྱིས་བརྩོན་ཞིབ་བྱས་པ་བརྒྱུད་ཁོས་བཟོས་པའི་མ་དཔེ་ལ་ཧྲང་ཧའེ་འཁེལ་འཐག་གྱོན་ཆས་ཁེ་ལས་ཀྱི་ངོས་འཛིན་ཐོབ་པ་དང་བདེ་བླག་ངང་སྐེ་དཀྲིས500ཡི་ཚོང་ཟོག་དན་ཐོ་རག་པ་དང་ཆབས་ཅིག། ཧྲང་ཧའེ་བོད་སྐྱོར་རྒྱལ་རྩེ་ཚོགས་ཆུང་དང་ས་གནས་དེ་གའི་སྲིད་གཞུང་གིས་རྒྱབ་སྐྱོར་འོག་ཨ་ཅག་སྐལ་བཟང་བཟོ་ཁང་ཡང་དངོས་སུ་བཙུགས་ཐུབ་པ་བྱུང་། ཞིང་འབྲེལ་ཞིང་ཁྲིད་དང་ལས་ཞུགས་རོགས་སྐྱོར་གྱི་ཚོང་ཟོག་དན་ཐོ་བྱེད་སྟངས་ཐོག་ནས་ཐོན་ལས་དེ་ཁྱིམ་ཚང་གི་བཟོ་ཁང་ནས་གཞི་ཁྱོན་ཅན་དུ་འགྱུར་བར་བསྐུལ་བ་རེད།

ཐོག་མའི་ཐགས་འཕྲུལ་གསར་པ3ནས་ད་ལྟའི་ཐགས་འཕྲུལ15བར་དང་། ཐོག་མའི་དགེ་ཕྲུག2ནས་ད་ལྟའི་དགེ་ཕྲུག20བར་གསོ་སྐྱོང་བྱས་ནས་ལག་ཤེས་བཟོ་རྩལ་པ་དེ་བས་མང་པོ་དེའི་ནང་ཞུགས་ནས་ལག་རྩལ་རྙིང་པ་དེར་སྐྱེ་སྟོབས་གསར་པ་རྒྱས་བཞིན་ཡོད་པ་རེད།

ཧྲང་ཧའེ་རུ་འཚོགས་པའི་འཛམ་གླིང་རྩལ་ནུས་འགྲན་སྡུར་ཆེན་མོ་སྐབས48པའི་རིང་སྐལ་བཟང་སྒྲོལ་མ་ཞིང་ཆེན་རེའི་ལག་རྩལ་རེའི་འགྲེམ་སྟོན་ནང་གདན་འདྲེན་བྱས་ནས་ཡུལ་དངོས་སུ་སྣམ་བུ་འཐག་རྩལ་སྟོན་པས་རྒྱལ་ཁབ་ཕྱི་ནང་གི་ལྟ་སྐོར་བ་མང་པོའི་ཡིད་དབང་བཀུགས་པ་རེད། ཁོས་རང་ཉིད་ཀྱིས་བོད་ཀྱི་སྣམ་བུ་ལག་རྩལ་རྙིང་པ་བརྒྱུད་འཛིན་བྱས་ནས་འཛམ་གླིང་ལ་མཐོ་སྒང་ལག་ཤེས་བཟོ་རྩལ་མཐོང་ཐུབ་པའི་རེ་བ་ཡོད་ཅེས་བཤད་པ་རེད།། ( བདེ་ཆེན་གྱིས་བསྒྱུར།)