ཉེ་ཆར།རླབས་ཆེན་རྒྱང་སྐྱོད་ཀྲུང་གོ་བཟོ་ཞིང་དམར་དམག་གི་རྒྱང་སྐྱོད་ཡིག་ཚགས་འགྲེམ་སྟོན་དང་།གངས་རི་རྩྭ་ཐང་ཀྲུང་གོ་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལས་རྣམ་པར་རྒྱལ་ནས་ལོ90འཁོར་བར་དྲན་གསོ་ཞུ་བའི་རིག་དངོས་ཆེད་དོན་འགྲེམས་སྟོན་དེ་ཀྲུང་གོ་གུང་ཁྲན་ཏང་ལོ་རྒྱུས་འགྲེམས་སྟོན་ཁང་དུ་མང་ཚོགས་ལ་ཁ་ཕྱོགས་ནས་སྒོ་འབྱེད་པ་རེད། རླབས་ཆེན་རྒྱང་སྐྱོད་ཀྲུང་གོ་བཟོ་ཞིང་དམར་དམག་གི་རྒྱང་སྐྱོད་ཡིག་ཚགས་འགྲེམས་སྟོན་དུ་ཀྲུང་དབྱང་ཡིག་ཚགས་ཁང་གིས་ཉར་ཚགས་བྱས་པའི་རྒྱང་སྐྱོད་ཡིག་ཚགས་རྩ་ཆེན230ལྷག་གཅིག་བསྡུས་ཐོག་འགྲེམས་སྟོན་བྱས་པ་དང་། ཡིག་ཚགས་མང་པོ་ཞིག་མང་ཚོགས་ལ་ཐོག་མར་འགྲེམས་སྟོན་བྱས་པ་རེད། གངས་རི་རྩྭ་ཐང་ཀྲུང་གོ་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལས་རྣམ་པར་རྒྱལ་ནས་ལོ90འཁོར་བར་དྲན་གསོ་ཞུ་བའི་རིག་དངོས་ཆེན་དོན་འགྲེམས་སྟོན་དུ་རིག་དངོས་དངོས་མང་ཁང་གི་ཡིག་ཚགས་ཚན་པ17གྱི་བཤམས་རྫས273བསྡུ་རུབ་བྱས་ཏེ། དམར་དམག་གི་རས་ལྷམ་དང་ཀོ་སྐགས།ཏང་དར་སོགས་དངོས་ཟོག་འགྲེམས་སྟོན་བརྒྱུད་དེ་དཀའ་སྡུག་གི་ཁོར་ཡུག་ཁྲོད་དམར་དམག་གི་དཀའ་སྤྱད་འཐབ་རྩོད་ཀྱི་ལོ་རྒྱུས་ལམ་བུར་དྲན་རྗེས་བྱས་ཤིང་། འགྲེམས་སྟོན་ཁང་དུ་ཅ་ཅིན་རི་བོ་བརྒལ་བ་དང་ཟུང་ཆུ་རྩྭ་ཐང་བསྒྲལ་བ་སོགས་མྱོང་རོལ་ཅན་གྱི་རྣམ་པ་བཏོད་པ་རེད།།
( བདེ་ཆེན་གྱིས་བསྒྱུར།)
