སྤྱི་ཟླ10པའི་ཚེས20ཉིན། ཁུལ་ཨུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས(རྒྱས་འཛོམས)གྲོས་ཚོགས་འཚོགས་ནས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་དཀར་མཛེས་ཁུལ་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་བླང་བྱ་དང་། ཞིང་ཆེན་ཏང་ཨུ་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཚོགས་འདུའི་སྙིང་དོན་བརྒྱུད་སྦྱངས་བྱས་པ་རེད། ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་གསུང་བཤད་གནང་།
ཚོགས་འདུར་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་འཚོག་ཉེར་ཡོད་པའི་དུས་སྐབས་གལ་ཆེན་འདིར། བློ་མཐུན་ཝང་ཧུའུ་ཉིང་ལོ་གཉིས་བརྒལ་རྗེས་སླར་ཡང་དཀར་མཛེས་ཁུལ་དུ་རྟོག་ཞིབ་གནང་བར་ཕེབས་ནས་མི་རིགས་ཆོས་ལུགས་དང་མི་དམངས་སྲིད་གྲོས་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་ཐད་བླང་བྱ་གསལ་པོ་བཏོན་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བསྐུལ་ཆེད་སེམས་ཤུགས་གཅིག་སྒྲིལ་རྒྱུན་འཁྱོངས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་དུ་གཏོང་བ་དང་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འཛུགས་སྐྱོང་ལ་བསྐུལ་བའི་ལས་དོན་དམ་འཛིན་ཏན་ཏིག་བྱས་ནས་རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བར་བསྐུལ་བ་དང་། ཆོས་ལུགས་ལས་དོན་བཅོས་སྐྱོང་ཁྲིམས་སྐྱོང་ཅན་དུ་འགྱུར་བར་ཤུགས་སྣོན་པའི་ལས་དོན་དམ་འཛིན་བྱས་ཏེ་མི་རིགས་མཐུན་སྒྲིལ་དང་ཆོས་ལུགས་ཞི་མཐུན། སྤྱི་ཚོགས་འཆམ་མཐུན་བཅས་ཀྱི་རྣམ་པ་བཟང་པོ་སྲ་བརྟན་དང་འཕེལ་རྒྱས་གཏང་དགོས།
ཚོགས་འདུར་ནན་བཤད་བྱས་དོན། ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་ཀྱི་གཙོ་ཐིག་དང་མི་རིགས་མཐུན་སྒྲིལ་གྱི་སྲོག་རྩ་བརྟན་པོ་འཛུགས་རྒྱུ་རྒྱུན་འཁྱོངས་ཏེ།《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་བསྐུལ་བའི་བཅའ་ཁྲིམས》ལག་ལེན་ནན་པོ་བསྟར་བ་དང་། གསར་བརྗེའི་གཞི་རྒྱུ་རྩ་བ་འཛུགས་པའི་འདུ་འགོད་ལ་སྐུལ་འདེད་ཏན་ཏིག་གཏོང་བ། མི་རིགས་མཐུན་སྒྲིལ་ཡར་ཐོན་འཛུགས་སྐྱོང་ཟབ་ཏུ་གཏོང་བ། དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྤུས་ཚད་མཐོན་པོར་སྐུལ་འདེད་མགྱོགས་སུ་གཏོང་བ། མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། བརྟན་ཐོག་མཉམ་ཕྱུག་ལ་བསྐུལ་བ་བཅས་བྱ་དགོས། རང་རྒྱལ་གྱི་ཆོས་ལུགས་ཀྲུང་གོ་ཅན་དུ་འགྱུར་བའི་ཁ་ཕྱོགས་རྒྱུན་འཁྱོངས་དང་། དགོན་སྡེ་ཁྲིམས་ལྟར་ཚད་ལྡན་དོ་དམ་བྱ་རྒྱུ་རྒྱུན་མཐུད་ངང་ཟབ་ཏུ་གཏོང་བ། སྒྲིག་སྲོལ་ལམ་ལུགས་ཁག་དོན་འཁྱོལ་ནན་པོ་བྱེད་པ། “ལོ་རྒྱུས་ལྔའི”སློབ་གསོ་དང“ལྟ་བ་ལྔའི”སློབ་གསོ་རྒྱུན་ཚུལ་དུ་སྤེལ་བ། ཆོས་ལུགས་ལས་དོན་བཅོས་སྐྱོང་ཁྲིམས་སྐྱོང་ཅན་དུ་འགྱུར་བའི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་བ། ཆོས་ལུགས་དེ་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དང་ཕན་ཚུན་མཉམ་འདྲེས་དང་།སྤྱི་ཚོགས་རིང་ལུགས་སྤྱི་ཚོགས་དང་འཕྲོད་པར་ཁྲིད་སྟོན་བྱ་དགོས།
ཚོགས་འདུར་ཁུལ་ཡོངས་ཀྱི་རིམ་ཁག་ཏང་མི་ལས་བྱེད་པས་མ་སྐུལ་དང་བླངས་ཀྱིས་འགན་འཁྲི་འཁུར་བ་དང་བྱས་རྗེས་འཇོག་པ། འགན་འཁྲི་སེམས་ལ་འཛིན་པ། འགན་འཁྲི་ལག་ལེན་བསྟར་བ་བཅས་བྱ་དགོས། ས་གནས་ཁག་དང་སྡེ་ཚན་ཁག་གིས་ལས་དོན་དངོས་དང་འབྲེལ་ཏེ་ལག་བསྟར་དོན་འཁྱོལ་གྱི་ཞིབ་ཕྲའི་བྱ་ཐབས་ཞིབ་མོར་བཟོས་ནས་དྲིན་ཚོར་གྱི་བསམ་པ་དང་འབད་བརྩོན་གྱི་ཆོད་སེམས། དངོས་སྒྲུབ་ཀྱི་བྱ་ཐབས་བཅས་ལ་བརྟེན་ནས་བློ་མཐུན་ཝང་ཧུའུ་ཉིང་གིས་དཀར་མཛེས་ཁུལ་དུ་རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་བླང་བྱ་དོན་ཐོག་ཏུ་འཁྱོལ་བར་བསྐུལ་ཏེ་དཀར་མཛེས་ཁུལ་དེང་རབས་ཅན་འཛུགས་སྐྱོང་གི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་ཞེས་ནན་བཤད་བྱས་པ་རེད།།( ལྷ་འཛོམས་ཀྱིས་བསྒྱུར།)
