国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音

  • 日
    历
  • 上
    一
    期
  • 下
    一
    期

ཀྲའོ་པོ་ཡིས་ཁུལ་ཡོངས་ཀྱི་གཏེར་ཁའི་ཐོན་ཁུངས་རྩད་ཞིབ་གསར་སྦོལ་བེད་སྤྱོད་ཀྱི་ཆེད་དོན་གྲོས་ཚོགས་གཙོ་སྐྱོང་གནང་སྐབས།

གཏེར་ཁའི་ཐོན་ཁུངས་རྩད་ཞིབ་གསར་སྦོལ་བེད་སྤྱོད་ལས་དོན་ལ་མགྱོགས་སུ་བསྐུལ་ནས་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་ སྤྱི་ཚོགས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྦག་ མེད་ཀྱི་སྒུལ་ནུས་གསར་པ་བསྣན་དགོས་གསུངས།

སྤྱི་ཟླ10པའི་ཚེས21ཉིན།ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་ཡིས་ཁུལ་ཡོངས་ཀྱི་གཏེར་ཁའི་ཐོན་ཁུངས་རྩད་ཞིབ་གསར་སྦོལ་བེད་སྤྱོད་ཀྱི་ཆེད་དོན་གྲོས་ཚོགས་གཙོ་སྐྱོང་གནང་ནས་འཚོགས་པ་རེད། ཁོང་གིས་རྒྱལ་ཁབ་ཀྱི་ནུས་རྒྱུ་ཐོན་ཁུངས་ཉེན་མེད་འགན་ལེན་བྱ་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱེད་པ། གཏེར་ཁའི་ཐོན་ཁུངས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱེད་པ། སྐྱེ་ཁམས་སྔོན་ལ་འཇོག་པ་དང་སྦག་མེད་འཕེལ་རྒྱས་རྒྱུན་འཁྱོངས་པ། གཏེར་ཁའི་ཐོན་ཁུངས་རྩད་ཞིབ་གསར་སྦོལ་བེད་སྤྱོད་ལས་དོན་ལ་སྐུལ་འདེད་མགྱོགས་སུ་གཏོང་བ་བཅས་བྱས་ནས་ཐོན་ཁུངས་ཀྱི་ལེགས་ཆ་དེ་ཐོན་ལས་ཀྱི་ལེགས་ཆར་བསྒྱུར་བ་ཧུར་ཐག་བྱས་ཏེ་དཀར་མཛེས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་སྦག་མེད་ཀྱི་སྒུལ་ནུས་གསར་པ་བསྣན་དགོས་ཞེས་གསུངས།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་དབྱང་ཧུང་ཧྲོའུ་ཚོགས་འདུར་ཞུགས།

ཚོགས་འདུར《གཏེར་ཁའི་ཐོན་ཁུངས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》དང《གཏེར་ཁའི་ཐོན་ཁུངས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས་ལག་བསྟར་སྲོལ་ཡིག》སོགས་བཅའ་ཁྲིམས་ཁྲིམས་སྲོལ་དང་གོང་རིམ་གྱི་འབྲེལ་ཡོད་གྲོས་ཚོགས་ཀྱི་སྙིང་དོན་བརྒྱུད་སྦྱངས་བྱས་པ་དང་། ཁུལ་ཡོངས་ཀྱི་གཏེར་ཁ་འཚོལ་ཞིབ་བྱ་སྤྱོད་དང་། གཏེར་ཁའི་ཐོན་ཁུངས་ཐོན་སྐྱེད་བེད་སྤྱོད། གཏེར་རིའི་ཉེན་མེད་ལྟ་སྐུལ་དོ་དམ་གནས་ཚུལ་སོགས་ཀྱི་འབྲེལ་ཡོད་ལས་དོན་སྙན་ཞུར་ཉན་པ་དང་། འབྲེལ་ཡོད་ལས་ཀའི་ཇུས་གཞིར་ཞིབ་འཇུག་བྱས་ཤིང་སླད་ཕྱིན་ལས་ཀར་བཀོད་སྒྲིག་བྱས་པ་རེད།

ཚོགས་འདུར་དཀར་མཛེས་ཁུལ་ནི་ལྷོ་ནུབ་གཙང་གསུམ་གྱི་གཏེར་ཁ་ཆགས་ཁུལ་དུ་གནས་པས་གཏེར་ཁའི་ཐོན་ཁུངས་ཕུན་སུམ་ཚོགས་ཤིང་གསར་སྦོལ་གྱི་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ཡོད་མོད། འོན་ཀྱང་གཏེར་ཁའི་ཐོན་ཁུངས་གཞན་སྒྱུར་བྱ་བར་མི་འདང་བ་དང་ཐོན་ལས་ཀྱི་འབྲེལ་ཐག་ཐུང་བ། རྒྱུ་རྐྱེན་གཙོ་བོའི་འགན་སྲུང་ནུས་པ་ཞན་པ་སོགས་ཀྱི་གནད་དོན་སྔར་བཞིན་ཡོད་པས། ས་གནས་ཁག་དང་སྡེ་ཚན་ཁག་གིས་གཏེར་ཁའི་ཐོན་ཁུངས་རྩད་ཞིབ་དང་གསར་སྦོལ་བེད་སྤྱོད་ཐད་འཕྲད་པའི་དུས་བབ་གསར་པ་དང་བླང་བྱ་གསར་པ་ཁོང་དུ་ཡང་དག་ཆུད་པ་དང་། ཐོན་ཁུངས་ཕུན་སུམ་ཚོགས་པོ་དང་འཐབ་ཇུས་ཀྱི་ཚུགས་གནས་ལ་གཞི་ཚུགས་ཤིང་།

(པར་ངོས་གཉིས་པར་གཟིགས།)