国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音

  • 日
    历
  • 上
    一
    期
  • 下
    一
    期

སྲིད་གྲོས་དཀར་མཛེས་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་ རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས24པ་འཚོགས།

སྤྱི་ཟླ10པའི་ཚེས22ཉིན། སྲིད་གྲོས་དཀར་མཛེས་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ལྷན་གྱི་གྲོས་ཚོགས་ཐེངས24པ་དར་མདོར་འཚོགས་པ་རེད།

ཚོགས་འདུར་ཁུལ་སྲིད་གྲོས་དང་འཐབ་ཕྱོགས་གཅིག་གྱུར་པུའུ། ཁུལ་མི་དམངས་འཐུས་ཚོགས། ཁུལ་མི་དམངས་སྲིད་གཞུང་སོགས་ཀྱི་འབྲེལ་ཡོད་མགོ་ཁྲིད་དང་། སྲིད་གྲོས་དཀར་མཛེས་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན། ཁུལ་རིམ་པའི་སྡེ་ཚན་ཁག། རྫོང་དང་གྲོང་ཁྱེར་སྲིད་གྲོས། ཁུལ་སྲིད་གྲོས་ལས་ཁུངས་ཀྱི་བློ་མཐུན་བཅས་ཁྱོན་མི་གྲངས་བརྒྱད་ཅུ་ལྷག་ཞུགས་ཡོད།

ཚོགས་འདུར་སྲིད་གྲོས་དཀར་མཛེས་ཁུལ་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས24པའི་གྲོས་རིམ(འཆར་ཟིན)ལ་གྲོས་ཞིབ་བྱས་པ་དང་། གསུང་བཤད་གལ་ཆེན་དང་མཛུབ་སྟོན་གལ་ཆེན། འབྲེལ་ཡོད་ཚོགས་འདུའི་སྙིང་དོན་སོགས་བརྒྱུད་སྦྱངས་བྱས་པ། ཁུལ་སྲིད་གཞུང་གིས་ཁུལ་ཡོངས་སུ“སྦག་མེད་ནུས་རྒྱུའི་ལེགས་ཆ་འདོན་སྤེལ་བྱས་ཏེ་རྒྱལ་ཁབ་ཀྱི་སྦག་མེད་ནུས་རྒྱུ་གཙང་མའི་རྟེན་གཞི་བསྐྲུན་པ”ཡི་ལས་དོན་གནས་ཚུལ་བརྡ་ཁྱབ་བཏང་བ་དང་། རྒྱལ་ཁབ་གློག་དྲྭ་དཀར་མཛེས་གློག་འདོན་སྤྱི་གཉེར་ཁང་དང་། མི་དམངས་དངུལ་ཁང་དཀར་མཛེས་ཁུལ་ཡན་ལག་དངུལ་ཁང་། ཁུལ་འཕེལ་རྒྱས་སྒྱུར་བཅོས་ཨུ་ལྷན། རྒྱལ་ཁབ་གློག་ཤུགས་མ་འཇོག་ཚོགས་པ་སི་ཁྲོན་གློག་ཤུགས་ཚད་ཡོད་སྤྱི་གཉེར་ཁང་། སྲིད་གྲོས་རྟའུ་རྫོང་ཨུ་ཡོན་ལྷན་ཁང་སོགས་ཀྱིས་ཁུལ་ཡོངས་ཀྱི་སྦག་མེད་ནུས་རྒྱུའི་ལེགས་ཆ་འདོན་སྤེལ་བྱས་ཏེ་རྒྱལ་ཁབ་ཀྱི་སྦག་མེད་ནུས་རྒྱུ་གཙང་མའི་རྟེན་གཞི་བསྐྲུན་པའི་གཙོ་དོན་ལ་དམིགས་ནས་སྤེལ་རེས་གཏམ་བཤད་བྱས་པ་དང་། ཚོ་ཆུང་བགོས་ཏེ་གྲོས་བསྡུར་དང་ཐབས་འདོན་ཇུས་འབུལ་བྱས་པ་རེད།

ཚོགས་འདུར་ད་དུང་མི་དོན་གྱི་དོན་ཚན་ལ་ཉན་འཇོག་དང་གྲོས་ཞིབ་བྱས་པ་དང་། བབ་བསྟུན་འཕྲལ་སྒྲུབ་དང་རྗེས་སྙེག་མཆོང་བརྒལ་གྱི་གཙོ་དོན་ལ་གཞིགས་ནས་དཀར་མཛེས་ཁུལ་དཔེ་ཀློག་སྲིད་གྲོས་འཛུགས་སྐྱོང་དང་གྲོང་སྡེའི་ལོ་རྒྱུས་སྤུས་དག་ཡོངས་བསྒྲགས་མཛད་སྒོ་སྤེལ་བ་རེད།།

( མཁས་གྲུབ་ཀྱིས་བྲིས་ཤིང་པར་བླངས།)