国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音

  • 日
    历
  • 上
    一
    期
  • 下
    一
    期

རང་ཁུལ་གྱིས་རྒྱང་སྐྱོད་ཀྱི་གསར་བརྗེའི་གཏམ་རྒྱུད་བཤད་པའི་ ཡུལ་དངོས་འགྲེམས་འཁྲབ་བྱེད་སྒོ་དར་མདོ་རུ་སྤེལ།

16787_01B_20261022གསར་བརྗེའི་གཏམ་རྒྱུད་བཤད་པའི་ཡུལ་དངོས་འགྲེམས་འཁྲབ་བྱེད་སྒོ་སྤེལ་ཡུལ།

ད་ལོ་ནི་ཀྲུང་གོ་བཟོ་ཞིང་དམར་དམག་རྒྱང་སྐྱོད་ལ་རྒྱལ་ཁ་ཐོབ་ནས་ལོ90འཁོར་བ་ཡིན་ཞིང་། སྤྱི་ཟླ10པའི་ཚེས20ཉིན་རང་ཁུལ་གྱིས་རྒྱང་སྐྱོད་ཀྱི་གཏམ་རྒྱུད་བཀླགས་ནས་གསར་བརྗེའི་ཐོག་མའི་བསམ་འདུན་བརྩོན་ལེན་བྱེད་པ་དང་། འབད་འབུངས་ཡར་བརྩོན་གྱི་འགན་འཁྲི་ཕྲག་ཏུ་འཁུར་དགོས་ཞེས་པའི་གསར་བརྗེའི་གཏམ་རྒྱུད་བཤད་པའི་ཡུལ་དངོས་འགྲེམས་འཁྲབ་བྱེད་སྒོ་དར་མདོ་རུ་སྤེལ་བ་རེད།

ད་ཐེངས་ཀྱི་འགྲེམས་འཁྲབ་ལེ་ཚན་ཆེན་པོ་གསུམ་ལ་བགོས་ནས་གར་སྟེགས་ཐོག་ཁུལ་ཡོངས་ཀྱི་ས་གནས་ཁག་དང་མཐོ་སློབ། སློབ་གྲྭ་ཆུང་འབྲིང་། དེ་བཞིན་ལས་རིགས་སྡེ་ཚན་བཅས་ནས་ཡོང་བའི་འཁྲབ་སྟོན་པ་ཚོས་བརྩེ་སེམས་ཆེན་པོས《རྟའུ་མང་ཚོགས་ཀྱིས་ཉ་ཆུ་ལྟ་བུའི་བརྩེ་སེམས་ཀྱིས་དམར་དམག་ལ་རོགས་སྐྱོར་བྱས་པ》དང《དེམ་ལུང་གངས་རིའི་འདབས་ཀྱི་ཨ་མ་རྒན་མོ》།《གངས་འཁྱག་སྦྲག་ལམ་ཐོག་གི་མི་རིགས་མཐུན་སྒྲིལ་གྱི་ཕོ་ཉ》སོགས་ཀྱི་གཏམ་རྒྱུད་འཁྲབ་སྟོན་བྱས་པ་དང་། དཀར་མཛེས་ཁུལ་མི་རིགས་གླུ་གར་ཚོགས་པས《ལྕགས་ཟམ་མྱུར་འཕྲོག》དང《སྐོར་བྲོ》སོགས་གླུ་གར་ལེ་ཚན་འཁྲབ་སྟོན་བྱས་ནས་དམར་དམག་གིས་གངས་རི་བརྒལ་བ་དང་དམག་དམངས་བར་ཕན་ཚུན་རོགས་རམ་བྱེད་པའི་སེམས་འགུལ་ཐེབས་པའི་གཏམ་རྒྱུད་གསོན་ཉམས་དོད་པོས་བསྐྱར་དུ་མངོན་པ་རེད། བྱེད་སྒོ་སྤེལ་ཡུལ་དུ་ཁུལ་ཨུ་ཏང་གི་ལོ་རྒྱུས་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་པར་སྐྲུན་བྱས་པའི《དཀར་མཛེས་ཁུལ་གྱི་རྒྱང་སྐྱོད་གཏམ་རྒྱུད》ཅེས་པའི་དེབ་གསར་ཡོངས་བསྒྲགས་མཛད་སྒོ་དུས་གཅིག་ཏུ་འཚོགས་པ་དང་། ཀློག་དེབ་ནང་དཀར་མཛེས་ཁུལ་དུ་རྒྱང་སྐྱོད་ཀྱི་འབྲེལ་ཡོད་གཏམ་རྒྱུད60ལེགས་འདེམས་བྱས་ནས་གསར་བརྗེའི་ལོ་རྒྱུས་རྒྱུན་འཛིན་བྱ་རྒྱུར་གཞི་རྟེན་སླར་ཡང་བསྣན་པ་རེད།

ད་ཐེངས་ཀྱི་བྱེད་སྒོར་ཏང་མི་ལས་བྱེད་པ་དང་ན་གཞོན་སློབ་མ། སྒྲོག་འགྲེལ་རྐང་འཛིན་པ་སོགས་ཕྱོགས་མང་པོའི་སྟོབས་ཤུགས་གཅིག་སྡུད་བྱས་ནས་རྒྱང་སྐྱོད་ཀྱི་གཏམ་རྒྱུད་དེ་མི་རིགས་མཐུན་སྒྲིལ་དང་དུས་རབས་འཕོ་འགྱུར་མཉམ་འདྲེས་བྱས་ཏེ་ཀྲུང་ཧྭ་མི་རིགས་ཀྱི་གཅིག་མཐུན་འདུས་གྲུབ་འདུ་ཤེས་བརྟན་པོ་འཆང་བར་བསྐུལ་བ་དང་། ཁུལ་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱིས་ལོ་རྒྱུས་བློ་ལ་བརྟན་པོར་ངེས་ཤིང་དྲིན་ཚོར་མདུན་སྐྱོད་བྱ་རྒྱུར་ཁྲིད་སྟོན་བྱས་ཏེ་རླབས་ཆེན་གྱི་རྒྱང་སྐྱོད་སྙིང་སྟོབས་དཀར་མཛེས་ཁུལ་གྱི་ས་གཞི་ཆེན་པོར་དུས་རབས་ཀྱི་གསོན་ཤུགས་རྒྱུན་མཐུད་ངང་བསྣན་དགོས།།

( ལྷ་འཛོམས་ཀྱིས་བསྒྱུར།)