国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音

  • 日
    历
  • 上
    一
    期
  • 下
    一
    期

རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས24པ་ལས་ངེད་ལྟེ་གནས་ཀྱི་བརྩམས་ཆོས13ལ་བྱ་དགའ་ཐོབ།

སྤྱི་ཟླ10པའི་ཚེས22ཉིན་གྱི་ཕྱི་དྲོར།རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་རྩ་འཛུགས་ཨུ་ལྷན་གྱིས་གཙོ་སྒྲུབ་བྱས་ཤིང་།བོད་ལྗོངས་རླུང་འཕྲིན་བརྙན་འཕྲིན་ལས་ཁུངས་ཀྱིས་སྒྲུབ་འགན་ཁུར་བའི་རྒྱལ་ཡོངས་བོད་སྐད་ཡིག་སྨྱན་སྦྱོར་མཐུན་སྦྱོར་ཚོགས་འདུ་སྐབས24པ་ལྷ་ས་གྲོང་ཁྱེར་ནས་གྲོལ་བ་རེད།

ཐེངས་འདིའི་ཚོགས་འདུར།ཚགས་པར་དང་།དུས་དེབ།རླུང་འཕྲིན།

བརྙན་འཕྲིན།སྨྱན་སྦྱོར་གསར་པ།དཔྱད་རྩོམ་དང་ཐ་སྙད་གསར་པ།བརྙན་འཕྲིན་འཁྲབ་ཚན་བསྒྱུར་བཟོ་བཅས་དཔྱད་ཞིབ་ཚོ་ཆུང་བདུན་ལ་བགོས་ནས2025ལོའི་ཟླ་བ7པའི་ཚེས1ཉིན་ནས2026ལོའི་ཟླ་བ6པའི་ཚེས30ཉིན་བར་རྒྱལ་ཁབ་ཀྱི་ཆོག་མཆན་དངོས་སུ་ཐོབ་ཡོད་པའི་གསར་འགྱུར་སྨྱན་སྦྱོར་འོས་ཐོབ་ཡོད་པའི་ཚགས་པར་དང་དུས་དེབ།རྒྱང་སྒྲོག།བརྙན་འཕྲིན།སྨྱན་སྦྱོར་གསར་པའི་འཕྲིན་སྟེགས་བཅས་སུ་བཀོད་གཏོང་ཚར་བའི་བོད་སྐད་ཡིག་གི་གདོད་རྩོམ་བརྩམས་ཆོས་སོགས622འབྱོར་བའི་ནང་དཔྱད་འདེམ་གྱི་གྲས་སུ་ཚུད་པའི་བརྩམས་ཆོས་ཡག་པོ416ལ་བྱ་དགའ་སྤྲད་པ་དང་།དེའི་ནང་དུ་བརྩམས་ཆོས12ལ་ཁྱད་འཕགས་བྱ་དགའ་ཐོབ་ཅིང་།བརྩམས་ཆོས89ལ་བྱ་དགའ་ཨང་དང་པོ་ཐོབ་པ་དང་།བརྩམས་ཆོས125ལ་བྱ་དགའ་ཨང་གཉིས་པ་ཐོབ།བརྩམས་ཆོས190ལ་བྱ་དགའ་ཨང་གསུམ་པ་ཐོབ་ཡོད།

ངེད་ལྟེ་གནས་ཀྱིས་ཐེངས་འདིར་གསར་འགྱུར་བརྩམས་ཆོས20དཔྱད་འདེམ་དུ་ཕུལ་བ་ལས་བྱ་དགའ13ཐོབ་ཡོད།དེའི་ནང་དུ་བྱ་དགའ་ཨང་དང་པོ2དང་ཨང་གཉིས་པ4།ཨང་གསུམ་པ7ཡོད་པ་རེད།།

( སྐལ་ཐུབ་ཀྱིས་བྲིས།)