国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音

  • 日
    历
  • 上
    一
    期
  • 下
    一
    期

ཁྲེང་ཏུའུ་གྲོང་ཁྱེར་ཞིན་ཏུའུ་ཆུས་ཀྱིས་ལི་ཐང་བུད་མེད་ ཚོ་ལ་ལག་རྩལ་སློབ་ཁྲིད་བྱས།

16643_02B_20261021གསོ་སྦྱོང་ཡུལ་དངོས།

ཉེ་ཆར། ལི་ཐང་རྫོང་བུད་མེད་ཁྱིམ་སྡོད་སྟབས་བསྟུན་ལས་ཞུགས་དཔེ་སྟོན་རྟེན་གཞིའི་བུད་མེད65ཡི་གདོང་ལ་དགའ་སྤྲོའི་འཛུམ་མདངས་རབ་ཏུ་རྒྱས་པ་སྟེ།དེ་ནི་དུས་ཡུན་ཉིན་གསུམ་རིང་ལ་ཉལ་གཟན་འཐག་རྩལ་གྱི་ལག་ཤེས་གསོ་སྦྱོང་བྱེད་པ་ལས་ཁོ་ཚོར་སྤྱོད་གོ་ཆོད་པའི་ལག་རྩལ་ཞིག་ཁོང་དུ་ཆུད་པར་མ་ཟད། དེ་བས་གལ་ཆེ་བ་ཞིག་ནི་ཁོ་ཚོས་རང་ཉིད་ཀྱིས་བསླས་འཐག་བྱས་པའི་ཕོར་གདན85ཁྲེང་ཏུའུ་ཁ་ཏི་ཚིག་ཇ་ཁང་གིས་སྔ་སྣུར་ནས་མངགས་ཉོ་བྱས་པས་རེད།

ཕོར་གདན་དེ་དག་ནི་སྤུས་ལེགས་ཀྱི་བཟོ་རྩལ་ཐོན་རྫས་ཡིན་པར་མ་ཟད། ཁྲེང་ཏུའུ་གྲོང་ཁྱེར་ཞིན་ཏུའུ་ཆུས་ཀྱི་ཁ་གཏད་རོགས་སྐྱོར་ལས་དོན་རུ་ཁག་གིས་ལི་ཐང་རྫོང་དུ་གཞི་ཚུགས་པའི“བུད་མེད་ཁྱིམ་སྡོད་སྟབས་བསྟུན་ལས་ཞུགས”ཀྱི་གསར་གཏོད་རྣམ་པ་ཞིག་ཀྱང་རེད། སློབ་མ་བསྡུ་བ་དང་ལག་རྩལ་སློབ་ཁྲིད།ཐོན་རྫས་སྤུས་ཚད་ལ་དམ་ནན་བྱས་ཏེ་ལས་དོན་རུ་ཁག་གིས་བརྒྱུད་རིམ་ཧྲིལ་པོར་བུ་རྫིའི་རྣམ་པའི་ཞབས་འདེགས་ཞུས་ནས་གསོ་སྦྱོང་ནང་ཞུགས་མཁན་བུད་མེད་ཚང་མར་སློབ་སྦྱོང་ཤེས་པ་དང་། ལག་ལེན་ཐུབ་པ། འབབ་འཕར་ཡོང་བ་བཅས་ཀྱི་འགན་ལེན་བྱས་པ་རེད།

ཚེ་མགོན་ཡུལ་ཤོག་འབྲོག་པའི་གྲོང་གསར་གྱི་ཚེ་རིང་དབྱངས་ཅན་གྱིས་དེ་སྔ་ཁྱིམ་མིར་ལྟ་རྟོག་དང་འབྲོག་རར་ལྟ་རྟོག་བྱེད་དགོས་པས་ཕྱིར་ཞོར་ལས་འགྲོ་འདོད་ཀྱང་ཐབས་ཤེས་གཏན་ནས་མེད། ད་རེས་རྫོང་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བསྐྲུན་པའི་ལས་སྟེགས་འདི་ཧ་ཅང་ཡག་པོ་འདུག། ང་ཚོ་ཐག་རིང་དུ་འགྲོ་མི་དགོས་པར་སྒོ་འགྲམ་ནས་སྤྱོད་གོ་ཆོད་པའི་རྩལ་ནུས་དེ་འདྲ་སྦྱངས་ཐུབ་སོང་ཞེས་བཤད།

གསོ་སྦྱོང་མཇུག་འགྲིལ་མཛད་སྒོར་རྟེན་གཞིའི་གཉེར་སྐྱོང་ཕྱོགས་ཀྱི་རྩལ་ནུས་རྩེར་སོན་སློབ་མ17 “ཉལ་གཟན་ལག་རྩལ་གསོག་འཇོག་ཤེས་ལྡན་མི་སྣའི་མཛོད”ནང་བདམས་ཡོད། ཁོ་ཚོ་ནི་འབྱུང་འགྱུར་མངགས་ཐོ་ཐོན་སྐྱེད་ཀྱི་རྐང་འཛིན་པ་ཡིན་པར་མ་ཟད།སློབ་མ་གསར་པར་འབོགས་སྐྱོར་ཁྲིད་བཅས་ཀྱི་ལས་འགན་ལྕི་པོ་ཕྲག་ཏུ་འཁུར་མཁན་ཡང་ཡིན།

ཉེ་བའི་ལོ་ཤས་རིང་ཞིན་ཏུའུ་ཆུས་ཁ་གཏད་རོགས་སྐྱོར་ལས་དོན་རུ་ཁག་གིས་སྔོན་མཐོང་རང་བཞིན་གྱི་མཐོང་རྒྱ་དང་དངོས་སྒྲུབ་བྱ་སྤྱོད་ཀྱིས་ཐོན་ཁུངས་མཐུན་སྦྱོར་དང་མ་དངུལ་རྒྱབ་སྐྱོར་བྱས་ཏེ་ལི་ཐང་རྫོང་བུད་མེད་ཁྱིམ་སྡོད་སྟབས་བསྟུན་ལས་ཞུགས་དཔེ་སྟོན་རྟེན་གཞི་བཏོད་དེ། རྩལ་ནུས་གསོ་སྦྱོང་དང་།གཟུགས་མེད་རིག་གནས་ཤུལ་བཞག་བརྒྱུད་འཛིན། ལས་ཞུགས་འབབ་འཕར་བཅས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་སྟེགས་བུ་བསྐྲུན་ནས་ལི་ཐང་གི་བུད་མེད་ཚོར་རོགས་རམ་ཆེན་པོ་བྱས།

གླེང་རིན་ཡོད་པ་ཞིག་ནི་ཞིན་ཏུའུ་ཆུས་ཁ་གཏད་རོགས་སྐྱོར་ལས་དོན་རུ་ཁག་གིས་སྔ་སྣུར་དུ་ཁྲོམ་ར་དང་སྦྲེལ་མཐུད་བྱས་ཏེ་ཡུན་རིང་ཉོ་སྒྲུབ་མཉམ་ལས་ལ་བསྐུལ་བ་དང་། ཁེ་ལས་རྟེན་གཞིར་ནང་འདྲེན་བྱེད་པ་དང་མངགས་ཐོར་བརྟེན་ནས་གསོ་སྦྱོང་ལ་སྐུལ་བའི་གསར་གཏོད་བྱེད་སྟངས་སྤྱད་པ་རེད། ལས་དོན་རུ་ཁག་གི་འགན་འཁུར་བས“ལག་རྩལ་ཐོན་རྫས་ཉོ་མཁན་ཡོད་ཚེ་གསོ་སྦྱོང་ལ་ཞུགས་མཁན་ཡོད་པ་དང་། ཐོན་རྫས་ཕྱིར་ཚོང་ཐུབ་ཚེ་གཞི་ནས་འབྲེལ་ཐག་འཁོར་རྒྱུག་བྱ་ཐུབ”ཅེས་བཤད།། ( ཀུན་དགས་བསྒྱུར།)