ད་ལོ་ནས་བཟུང་། ཕྱག་ཕྲེང་རྫོང་གིས་འཛད་སྤྱོད་རྒྱ་ཆེར་གཏོང་བ་དང་། ཐོན་ལས་དར་སྤེལ། ལས་གཞི་གསོག་འཇོག་བཅས་ལ་དམིགས་ནས་རྒྱུན་མཐུད་ངང་ཤུགས་སྣོན་པ་དང་། བྱེད་ཐབས་སྣ་མང་མཉམ་སྤྱད་ཀྱིས་ཁྲོམ་རའི་གསོན་ཤུགས་རྒྱས་པ་དང་། འོད་ཤུགས་དམངས་ཕྱུག་ཐོན་ལས་སྟོབས་ཆེར་བཏང་བ། ལས་གཞི་མ་འཇོག་གི་འདེགས་སྐྱོར་སྲ་བརྟན་དུ་བཏང་བ་བཅས་བྱས་ནས་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་བྱས།
འཛད་སྤྱོད་ལ་བསྐུལ་ནས་ཟོང་རྟགས་བསྐྲུན། མ་དངུལ་སྒོར་ཁྲི140བཏང་ནས“ཕྱག་ཕྲེང་སྤུས་ལེགས་ཐོན་རྫས”དུས་བཞིའི་བྲིན་སྐུལ་བྱེད་སྒོ་ཐེངས5སྤེལ་ཏེ། ཁེ་ལས13དང་མཉམ་འབྲེལ་བྱས་ཏེ་ཕྱིར་ཚོང་སྒོར་ཁྲི1486མངོན་འགྱུར་བྱུང་ཡོད། ཁྱིམ་སྤྱོད་གློག་ཆས་རྙིང་བརྗེའི་སྲིད་ཇུས་དོན་ལ་འཁྱོལ་ནས་ཕྱིར་ཚོང་སྒོར་ཁྲི263.78མངོན་འགྱུར་བྱུང་བ་དང་། ཁ་གསབ་རོགས་དངུལ་སྒོར་ཁྲི36.34སྤྲད་པ། གཅིག་གྱུར་འཆར་འགོད་ངང་སྒོར་ཁྲི30ཡི་འཛད་སྤྱོད་འཛིན་ཤོག་བཏང་སྟེ། སྒོར་ཁྲི210ཕྱིར་ཚོང་ཐུབ་པར་བསྐུལ་ཡོད། ཐོན་རྫས་རིགས6ཁུལ་ཡོངས་ཀྱི་མིང་ཐོར་ཚུད་པ། རྫོང་ཁོངས་ཟོང་རྟགས་ཀྱི་ཤུགས་རྐྱེན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།
འོད་ཤུགས་དར་སྤེལ་གྱིས་ཐུན་མོང་ཕྱུག་འགྱུར་ལ་བསྐུལ་བ། “ས་ཞིང་འཁོར་རྒྱུག་དང་། ལས་མི་ལས་ཞུགས། ཡོང་འབབ་ཁེ་བགོ”བཅས་ཀྱི་ལམ་སྲོལ་བཙུགས་ཏེ། ས་གནས་དེ་གའི་ལས་མི་ཁྲི2.9ལྷག་བསྡུས་པ་དང་ཡོང་འབབ་སྒོར་ཁྲི1200ལྷག་ལོན་པ། གྲོང་པའི་ཐུན་མོང་གི་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི600ཙམ་འཕར་ཡོད། ཀྲེ་ཅང་ཞིང་ཆེན་ནུས་ཁུངས་གསར་པའི་མ་འཇོག་ཚོགས་པ་མ་རྐང་ཚད་ཡོད་སྤྱི་གཉེར་ཁང་དང་སི་ཁྲོན་ཞིང་ཆེན་མ་འཇོག་ཚོགས་པ་ཚད་ཡོད་སྤྱི་གཉེར་ཁང་སོགས་བྱེད་པོ་ནང་འདྲེན་བྱས་ཏེ། མ་དངུལ་སྒོར་དུང་ཕྱུར4.8བཏང་ནས་ཐོན་ལས་མཉམ་འདྲེས་བྱས་པ་དང་།ཐུན་མོང་ཕྱུག་འགྱུར་གྱི་ཚོད་ལྟའི་རྫོང་གི་ཡན་ལག་ལས་གཞི22འཛུགས་སྐྲུན་ལ་འདེགས་སྐྱོར་བྱས་པས། དམངས་ཕྱུག་རྫོང་དར་གྱི་ཐབས་ལམ་རྒྱུན་མཐུད་ངང་རྒྱ་བསྐྱེད་གཏོང་བཞིན་ཡོད།
གསོག་འཇོག་ལས་གཞིར་མ་དངུལ་བརྟན་པོ་བཏང་བ། ཇུས་འགོད་གསོག་འཇོག་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། རིམ་རྩིས་བྱས་ན“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”ལས་གཞི318གསོག་འཇོག་བྱས་ཤིང་། མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར254.16བཏང་ཡོད། དེའི་ཁྲོད་ཆེད་དམིགས་བུན་འཛིན་ལས་གཞི42དང་། དུས་ཡུན་ལས་བརྒལ་བའི་དམིགས་བསལ་ཅན་གྱི་རྒྱལ་ཁབ་བུན་འཛིན་ལས་གཞི35དང་། ཀྲུང་དབྱང་གི་སྔོན་རྩིས་ནང་མ་དངུལ་འཇོག་པའི་ལས་གཞི192བཅས་ཚུད་ཡོད་པས་ཐབས་ལམ་མང་པོའི་རིམ་འདེད་གསོག་འཇོག་རྣམ་པ་ཆགས་པ་རེད།།
( སྐལ་བཟང་རྒྱ་མཚོས་བསྒྱུར།)
