国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音

  • 日
    历
  • 上
    一
    期
  • 下
    一
    期

གསེར་རྟ་རྫོང་གིས་གཙོ་གནད་ས་ཁུལ་གྱི་མངོན་མེད་རྐྱེན་ངན་གྲལ་བཤེར་ བྱས་ཏེ་ཐོན་སྐྱེད་ཀྱི་འགག་སྒོ་བརྟན་པོར་སྲུང་།

ཉེ་ཆར། གསེར་རྟ་རྫོང་འཚུབ་བསྟུན་དོ་དམ་ཅུས་ཀྱིས་ཁྲིམས་འཛིན་མི་སྣ་བསྡུས་ནས་རྫོང་ཁོངས་སུ་ལྕགས་རིགས་ཨར་ལས་རྒྱུ་ཆ་གཉེར་སྐྱོང་བྱ་ཡུལ་དང་། ཚོན་ལྡན་ངར་ལྕགས་ལས་སྣོན་བྱེད་གནས། དེ་བཞིན་སྐྲུན་བཞིན་པའི་ཨར་ལས་བྱ་ཡུལ་བཅས་སུ་ཐོན་སྐྱེད་ཉེན་མེད་ཀྱི་ཆེད་དོན་ཞིབ་བཤེར་བྱས་ཏེ་གཙོ་གནད་ལས་རིགས་ཁྱབ་ཁོངས་ཀྱི་ཉེན་མེད་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་།

ཞིབ་བཤེར་བྱེད་རིང་ཁྲིམས་འཛིན་མི་སྣས་ཉེན་ཁ་ཆེ་བའི་རྫས་འགྱུར་དངོས་རྫས་གསོག་ཉར་བེད་སྤྱོད་དང་། ལས་ཡུལ་དངོས་ཀྱི་མེ་གསོད་ལས་སྒྲུབ་ཚད་ལྡན་ཡིན་མིན། ཉེན་མེད་དོ་དམ་ལམ་ལུགས་དོན་འཁྱོལ་སོགས་འགག་རྩའི་གནད་དོན་ལ་དམིགས་ནས་གྲལ་བཤེར་ཞིབ་ཚགས་བྱས་ཏེ་གཉེར་སྐྱོང་འགན་འཁུར་བ་དང་ལས་ཡུལ་དངོས་ཀྱི་ལས་ཀ་བྱེད་མཁན་ལ་ཉེན་མེད་ཐོན་སྐྱེད་ཀྱི་ཤེས་བྱ་ཁྱབ་གདལ་བཏང་བ་དང་། ལས་ཞུགས་མི་སྣས་ཉེན་མེད་བཀོལ་སྤྱོད་ཀྱི་སྒྲིག་སྲོལ་ལ་བརྩི་སྲུང་ནན་པོ་ཞུ་རྒྱུར་ཁྲིད་སྟོན་བྱས་ནས་ཉེན་མེད་དོགས་ཟོན་གྱི་འདུ་ཤེས་ཇེ་དྲག་ཏུ་གཏོང་བར་བསྐུལ་བ་རེད།

ད་ཐེངས་ཀྱི་ཞིབ་བཤེར་ནང་རིམ་རྩིས་བྱས་ན་མངོན་མེད་རྐྱེན་ངན་ཁག13གྲལ་བཤེར་བྱས་པ་དང་།ཡུལ་དངོས་སུ་ཤེས་རྟོགས་བྱུང་བའི་གནད་དོན་ལ་དམིགས་ནས་ཁྲིམས་འཛིན་མི་སྣས་དག་ཐེར་ལེགས་བཅོས་ཀྱི་བླང་བྱ་རེ་རེ་བཞིན་ཁ་གསལ་བཟོས་ཏེ་འབྲེལ་ཡོད་འགན་འཁྲི་ཚན་པར་རང་སར་དག་ཐེར་དང་འཕྲལ་མར་ལེགས་བཅོས་བྱ་རྒྱུར་བསྐུལ་ནས་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་སྣ་ཚོགས་དུས་ཐོག་ཏུ་སེལ་བ་དང་། ཐོན་སྐྱེད་གཉེར་སྐྱོང་ཚན་པའི་ཉེན་མེད་ཐོན་སྐྱེད་ཀྱི་བྱེད་པོའི་འགན་འཁྲི་དམ་དུ་བཏང་ནས་ཁོངས་གཏོགས་ཁུལ་གྱི་བདེ་འཇགས་ལ་འགན་སྲུང་བྱས་པ་རེད།།

( ཀུན་དགས་བསྒྱུར།)