ཉེ་ཆར། ཀྲུང་གོ་གཟུགས་མེད་རིག་གནས་ཤུལ་བཞག་སྲུང་སྐྱོང་ལོ་ཚོགས་སྐབས་བཞི་པ་ལིའོ་ཉིང་ཁྲའོ་དབྱང་གྲོང་ཁྱེར་དུ་སྤེལ་བ་རེད། རྒྱལ་ཡོངས་ས་གནས་ཁག་ནས་ཡོང་བའི་གཟུགས་མེད་རིག་གནས་ཤུལ་བཞག་གི་འཐུས་ཚབ་རང་བཞིན་གྱི་བརྒྱུད་འཛིན་པ་དང་ཆེད་མཁས་པ་སོགས་མཉམ་དུ་འཛོམས་ནས་གཟུགས་མེད་རིག་གནས་ཤུལ་བཞག་སྲུང་སྐྱོང་དང་བརྒྱུད་འཛིན། གསར་གཏོད་འཕེལ་རྒྱས་ཐད་ལ་གླེང་མོལ་བྱས་པ་རེད།
ལོ་ཚོགས་དེ་ནི་ཀྲུང་གོ་གཟུགས་མེད་རིག་གནས་ཤུལ་བཞག་སྲུང་སྐྱོང་མཐུན་ཚོགས་དང་ལིའོ་ཉིང་ཞིང་ཆེན་རིག་གནས་དང་ཡུལ་སྐོར་ཐིང་། ཁྲའོ་དབྱང་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པ་དང་དུས་ཡུན་ཉིན་གསུམ་ཡིན་ཞིང་། གཟུགས་མེད་རིག་གནས་ཤུལ་བཞག་ཡག་པོ་ལྔ་དང་གཏམ་བཤད་གཙོ་དོན། རི་ཆུའི་སྐུལ་ལྕག། གཟུགས་མེད་རིག་གནས་ཤུལ་བཞག་གི་ཞབས་བྲོའི་སྐོར་སྐྱོད་ཆེན་པོ་སོགས་ཀྱི་བྱེད་སྒོ་སྤེལ་ཏེ།གཟུགས་མེད་རིག་གནས་ཤུལ་བཞག་སྲུང་སྐྱོང་གི་གྲུབ་འབྲས་བཅས་བསྟན་པ་རེད།
འགོ་འཛུགས་མཛད་སྒོར་གཟུགས་མེད་རིག་གནས་ཤུལ་བཞག་གི་འཐུས་ཚབ་རང་བཞིན་གྱི་རྣམ་གྲངས་མང་པོ་འགྲེམས་སྟོན་བྱས་པ་དང་། 《ཀྲུང་གོ་གཟུགས་མེད་རིག་གནས་ཤུལ་བཞག་སྲུང་སྐྱོང་ལོ་ཚོགས་ཀྱི་སྤུས་རྟགས་རིན་ཐང་དཔྱད་དཔོག་སྙན་ཞུ(2026)》དང《ཀྲུང་གོ་གཟུགས་མེད་རིག་གནས་ཤུལ་བཞག་བརྒྱུད་སྤེལ་གྱི་རྒྱབ་ཤ་སྔོན་པོའི་དེབ2026》།དེ་བཞིན་རྒྱལ་ཡོངས་གཞོན་ནུ་གཟུགས་མེད་རིག་གནས་ཤུལ་བཞག་བརྒྱུད་འཛིན་པའི་རོགས་སྐྱོར་འཆར་གཞིའི2026ལོ་འཁོར་གྱི་བདམས་ཐོན་མིང་ཐོ་སོགས་ཁྱབ་བསྒྲགས་བྱས་པ་རེད།
ཀྲུང་གོ་གཟུགས་མེད་རིག་གནས་ཤུལ་བཞག་སྲུང་སྐྱོང་མཐུན་ཚོགས་ཀྱི་ཚོགས་གཙོ་ཝང་ཞའོ་ཧྥུང་གིས་ལོ་ཚོགས་དེ2023ལོར་འཚོགས་པ་ནས་བཟུང་། བརྒྱུད་འཛིན་པའི་ཚོགས་འདུ་གཟབ་རྒྱས་དང་རྒྱལ་ཡོངས་ཀྱི་གཟུགས་མེད་རིག་གནས་ཤུལ་བཞག་མངའ་ཁོངས་ཀྱི་ལོ་འཁོར་རང་བཞིན་དང་ཕྱོགས་བསྡུས་རང་བཞིན་གྱི་སྤུས་རྟགས་བྱེད་སྒོ་གལ་ཆེན་ཞིག་ཏུ་གྱུར་ཡོད་ཅེས་བཤད་པ་རེད། ངོ་སྤྲོད་བྱས་པར་གཞིགས་ན། སྐབས་དེའི་ལོ་ཚོགས་དེ་མཉམ་འབྲེལ་རྒྱལ་ཚོགས་སློབ་གསོ་ཚན་རིག་རིག་གནས་རྩ་འཛུགས་ཀྱིས་རྒྱལ་སྤྱིའི་གཟུགས་མེད་རིག་གནས་ཤུལ་བཞག་ཉིན་མོའི་བྱེད་སྒོ་རབ་དང་རིམ་པའི་གྲས་སུ་བཅུག་པ་དང་འབྲེལ་འཛམ་གླིང་ཁྱབ་ཁོངས་སུ་དྲིལ་སྒྲོག་རྒྱ་ཆེར་སྤེལ།
ཉེ་བའི་ལོ་ཤས་རིང་ཁྲའོ་དབྱང་གྲོང་ཁྱེར་གྱིས་གཟུགས་མེད་རིག་གནས་ཤུལ་བཞག་མ་ལག་སྲུང་སྐྱོང་དང་གསོན་ཉམས་བརྒྱུད་འཛིན།གསར་གཏོད་འཕེལ་རྒྱས་བཅས་ལ་མུ་མཐུད་དེ་བསྐུལ་བ་དང་། གཟུགས་མེད་རིག་གནས་ཤུལ་བཞག་དང་རིག་གནས་ཡུལ་སྐོར། རིག་འཆར། ཚན་རིག་གསར་གཏོད་མཉམ་འབྲེལ་བཅས་ལ་བསྐུལ་བ་རེད། ད་སྔར།ཁྲའོ་དབྱང་གྲོང་ཁྱེར་དུ་རྒྱལ་ཁབ་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་འཐུས་ཚབ་རང་བཞིན་གྱི་རྣམ་གྲངས་ཁག8དང་ཞིང་ཆེན་རིམ་པའི་གཟུགས་མེད་རིག་གནས་ཤུལ་བཞག་གི་འཐུས་ཚབ་རང་བཞིན་གྱི་རྣམ་གྲངས་ཁག34ཡོད་པ་རེད།།
( བདེ་ཆེན་གྱིས་བསྒྱུར།)
