ཉེ་ཆར།དར་གོས་འགྲུལ་ལམ་རྒྱལ་སྤྱིའི་སྒྱུ་རྩལ་དུས་ཆེན་སྐབས་བཅུ་གཉིས་པའི་དར་གོས་འགྲུལ་ལམ་རྒྱལ་སྤྱིའི་སྒྱུ་རྩལ་གདན་ཞུ་འགྲེམས་སྟོན་ཧྲན་ཞི་ཞིང་ཆེན་མཛེས་རྩལ་དངོས་མང་ཁང་དུ་གཉེར་བ་རེད། ད་ཐེངས་ཀྱི་འགྲེམས་སྟོན་དུ་དར་གོས་ཤེས་དཔལ་གྱི་དེང་རབས་འཕེལ་འགྱུར་དང་གསར་གཏོད་ཀྱི་གསོན་ཤུགས་གཅིག་བསྡུས་ཐོག་མངོན་པ་དང་། དར་གོས་འགྲུལ་ལམ་གྱི་གཙོ་དོན་ལ་དམིགས་ནས་རྒྱལ་ཁབ་དང་ས་ཁུལ19ཡི་སྒྱུ་རྩལ་བརྩམས་ཆོས420ལྷག་འགྲེམས་སྟོན་བྱས་པ་རེད།།