སྟོན་ཁ་ནི་རྩི་ཤིང་སྣ་ཚོགས་ཀྱི་འབྲས་བུ་སྨིན་ནས་ས་གཞི་ཆེན་པོར་དྲི་ངད་འཐུལ་བའི་དུས་བཟང་ཡིན་ལ། དཀར་མཛེས་ཁུལ་གྱི་རང་བྱུང་ཁམས་ཆེན་པོར་གསེར་མདོག་གི་གོས་བཟང་བཀླུབས་པ་དང་།གངས་རི་དང་རྩྭ་ཐང་། སྤྲིན་དཀར་དང་མཚོ་མོ། རྟ་ནོར་ལུག་གསུམ་སོགས་སྟོན་ལྗོངས་ཀྱི་མཛེས་སྡུག་གཅིག་ཏུ་སྤུངས་པ་ནི་རི་མོ་མཁན་གྱི་པིར་རྩལ་ལས་ཐོན་པ་ལྟར་ལྷག་ཏུ་མཛེས། ནགས་རྫོབ་སྟུག་པོར་དཀར་སེར་དམར་ལྗང་གི་ཚོན་མདངས་རྣམ་པར་བཀྲ་ནས་ས་གཞི་ཡོངས་སུ་མཛེས་ཉམས་ཀྱིས་ཕྱུག་པས་བདེ་སྐྱིད་དཔལ་དུ་འབར་ཞིང་། མཛེས་སྡུག་ཡོད་རྒུ་གཅིག་ཏུ་སྤུངས་འདྲའི་གནས་མཆོག་དཀར་མཛེས་ཀྱིས་ཕྱོགས་བཅུའི་ཡུལ་སྐོར་བ་ཚོའི་ཡིད་སེམས་རབ་ཏུ་འཕྲོག་པར་བྱེད་དོ།། ( བདེ་ཆེན་གྱིས་བྲིས་ཤིང་པར་བླངས།)