ཉེ་ཆར། སི་ཁྲོན་སློབ་ཆེན་དང་དཀར་མཛེས་ཁུལ་གྱི་སྤེལ་རེས་བཞུགས་མོལ་ཚོགས་འདུ་དར་མདོར་འཚོགས་ཤིང་། སི་ཁྲོན་སློབ་ཆེན་གྱི་ཏང་ཨུའི་ཧྲུའུ་ཅི་ཀན་ལིན་དང་ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་དབྱང་ཧུང་ཧྲོའུ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།
ཀན་ལིན་གྱིས་ཉེ་བའི་ལོ་ཤས་རིང་སློབ་གྲྭ་དང་ས་གནས་ཕྱོགས་གཉིས་པོས་ཤེས་ལྡན་མི་སྣ་གསོ་སྐྱོང་དང་། ཚན་རྩལ་གསར་སྐྲུན། སྨན་བཅོས་རོགས་སྐྱོར་སོགས་ཀྱི་ཁྱབ་ཁོངས་སུ་མཉམ་ལས་ཕན་འབྲས་ཡོད་པ་སྤེལ་བ་རེད། རྒྱང་སྐྱོད་ལམ་གསར་དུ་སི་ཁྲོན་སློབ་ཆེན་གྱིས་སྨན་བཅོས་མཉམ་ལས་བྱ་རྒྱུ་གཙོ་གནད་དུ་བྱས་ཏེ། སློབ་གྲྭ་དང་ས་གནས་ཀྱི་མཉམ་ལས་ནུས་པ་ཆེ་རུ་གཏོང་བ་དང་མཉམ་ལས་ཁྱབ་ཁོངས་རྒྱ་ཆེར་གཏོང་བ། ཞིང་ཆེན་ཏང་ཨུའི“འགན་ལེན་ལམ་ལུགས”ཀྱི་ཕན་ཚུན་རོགས་སྐྱོར་བཀོད་སྒྲིག་དོན་ལ་དངོས་སུ་འཁྱོལ་བ་དང་དམ་འཛིན་ཡག་པོ་བྱས་ཏེ། ཁུལ་དང་རྫོང་། ཡུལ་ཤོག། གྲོང་སྡེ་བཅས་རིམ་པ་བཞིའི་རོགས་སྐྱོར་མ་ལག་བཙུགས་ནས་འཐུས་ཚང་དུ་གཏང་དགོས། སློབ་གཉེར་གྱི་དགེ་མཚན་འདོན་སྤེལ་དང་སྲིད་ཇུས་གསར་གཏོད་བྱེད་ཤུགས་ཆེ་རུ་གཏོང་ཞིང་། མངགས་བཏང་སྟོབས་ཤུགས་ཀྱིས་བརྒྱུད་རོགས་ཁྲིད་གསུམ་བྱེད་ཤུགས་ཆེ་རུ་གཏོང་བ། རྒྱུད་རིམ་ལྡན་པའི་གསོ་སྐྱོང་སྦྱོང་བརྡར་བཅས་བྱས་ཏེ་ནད་ཐོག་སྨན་བཅོས་དང་། སྤྱི་པའི་འཕྲོད་བསྟེན། སྨན་བཅོས་དོ་དམ་བཅས་ས་གནས་དེ་གའི་ཤེས་ལྡན་མི་སྣའི་དཔུང་ཁག་གསུམ་སྐྱོང་ཤུགས་ཆེ་རུ་གཏང་དགོས།( པར་ངོས་བཞི་པར་གཟིགས།)
