国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音

  • 日
    历
  • 上
    一
    期
  • 下
    一
    期

2026ལོའི་ཞིང་ཆེན་ཡོངས་ཀྱི་ཡུལ་སྐོར་ལྗོངས་ཁུལ་འཕེལ་རྒྱས་ཚོགས་ཆེན་འཚོགས།

གཞུང་ཁོངས་ལྗོངས་ཁུལ་གྱི་དོ་དམ་སྒྲིག་སྲོལ་དང་ལམ་སྲོལ་བཅོས་བསྒྱུར་ལ་སྐུལ་འདེད་གཏང་དགོས།

ཉེ་ཆར། 2026ལོའི་སི་ཁྲོན་ཞིང་ཆེན་ཡུལ་སྐོར་ལྗོངས་ཁུལ་འཕེལ་རྒྱས་ཚོགས་ཆེན་དཀར་མཛེས་ཁུལ་དར་མདོ་གྲོང་ཁྱེར་དུ་འཚོགས་ཤིང་། ཚོགས་འདུར་གཞུང་ཁོངས་ལྗོངས་ཁུལ་གྱི་དོ་དམ་སྒྲིག་སྲོལ་དང་ལམ་སྲོལ་བཅོས་བསྒྱུར་མཐར་ཕྱིན་བྱ་རྒྱུར་དམིགས་ནས་བཅོས་བསྒྱུར་ལག་ལེན་གྲུབ་འབྲས་ཕྱོགས་སྡོམ་བྱས་པ་དང་།ཕྱིན་ཆད་ཀྱི་གཙོ་གནད་ལས་འགན་བཀོད་སྒྲིག་བྱས་པ་རེད། ཚོགས་འདུར་གསར་དུ་བསྣན་པའི་རྒྱལ་ཁབAབཞི་རིམ་པའི་ཡུལ་སྐོར་ལྗོངས་ཁུལ4དང་།ཞིང་ཆེན་རིམ་པའི་ཡུལ་སྐོར་སྤྲོ་གསེང་ཁྲོམ་ལམ10ལ་དངོས་སུ་བྱང་བུ་སྤྲད་པ་དང་།ཡུལ་སྐོར་ལྗོངས་ཁུལ་ཆེ་གྲས་དྲུག་གི་རྨང་གཞི་བརྟན་དུ་གཏོང་ཞིང་གཙོ་གནད་ལས་གཞིར་དུས་གཅིག་ཏུ་གན་རྒྱ་བཞག་པ་རེད།

སི་ཁྲོན་གྱི་ཡུལ་སྐོར་ལྗོངས་ཁུལ་དེ་ཡུལ་སྐོར་ལས་རིགས་ཀྱི་གཞི་རྩ་ཡིན་པའི་ངོས་ནས་ཉེ་བའི་ལོ་ཤས་རིང་སྤུས་ཚད་མཐོ་རུ་གཏོང་བ་དང་མཁོ་སྤྲོད་རྒྱ་ཆེར་གཏོང་བ། འཛད་སྤྱོད་ལ་སྐུལ་བ་སོགས་ཀྱི་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ཡོད་མོད། འོན་ཀྱང་སྔར་བཞིན“མང་ཡང་སྤུས་ལེགས་མེད་པ་དང་ལས་རྣམ་རྐྱང་པ”སོགས་དུས་མཚམས་རང་བཞིན་གྱི་ཁྱད་ཆོས་མངོན་པར་མ་ཟད། གཞུང་ཁོངས་ལྗོངས་ཁུལ་ལའང་དོ་དམ་སྒྲིག་སྲོལ་ཡག་པོ་མེད་པ་དང་གཉེར་སྐྱོང་ལམ་སྲོལ་འཁྲུག་པོ་མེད་པ་སོགས་ཀྱི་གནད་དོན་འཕྲད་ཡོད། དེའི་ཐད་ཞིང་ཆེན་ནང་ཁུལ་གྱི་ལྗོངས་ཁུལ་ཁག་གཅིག་གིས་གནད་དོན་ཐག་གཅོད་ཧུར་ཐག་བྱས་ཡོད། མིག་སྔར་ཞིང་ཆེན་ཡོངས་སུ་གྲོང་ཁྱེར(ཁུལ)16གི་གཞུང་ཁོངས་ལྗོངས་ཁུལ50ལྷག་གིས་སྔ་རྗེས་སུ་དོ་དམ་སྒྲིག་སྲོལ་དང་ལམ་སྲོལ་ལེགས་སྒྲིག་བྱས་པ་དང་། གླང་ཆེན་འགྱིང་རི་དང་ཆུ་བྱམས་པ། ཆིན་ཁྲེང་རི་བོ། ཏུའུ་ཅང་ཡན། གཟི་ཚ་སྡེ་དགུ་སོགས་ལྗོངས་ཁུལ་ཁག་གཅིག་གི་བསྒྱུར་བཅོས་ཉམས་མྱོང་ལ་དཔེ་སྟོན་གྱི་ཕན་འབྲས་ཐོན་བཞིན་ཡོད་པ་རེད། ད་ལོ་ནས་བཟུང་སི་ཁྲོན་ཞིང་ཆེན་གྱིས《སི་ཁྲོན་ཞིང་ཆེན་ཡུལ་སྐོར་ལྗོངས་ཁུལ་གྱི་རྨང་གཞི་བརྟན་དུ་གཏོང་བའི་གཙོ་གནད་ལས་དོན་གྱི་ཁྲིད་སྟོན》དང《སི་ཁྲོན་ཞིང་ཆེན་གཞུང་ཁོངས་ལྗོངས་ཁུལ་གྱི་དོ་དམ་སྒྲིག་སྲོལ་དང་ལམ་སྲོལ་བཅོས་བསྒྱུར་མཐར་ཕྱིན་བྱ་རྒྱུའི་ལག་བསྟར་ཇུས་གཞི》སྔ་རྗེས་སུ་བཏོན་ནས་ཡུལ་སྐོར་ལྗོངས་ཁུལ་བསྒྱུར་བཅོས་གསར་གཏོད་ལམ་ལུགས་ལ་འགན་ལེན་བྱས་ཡོད།( པར་ངོས་བཞི་པར་གཟིགས།)