国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音

  • 日
    历
  • 上
    一
    期
  • 下
    一
    期

མེ་ཏོག་གིས་ཁྱེར་ཡོང་ བའི་དགུན་ཁ།

སྟོན་མཇུག་གི་ལག་པས་སྐྱེལ་མ་གནང་ཚུལ་དེ།

སྡོང་འགོའི་འདབ་ལོ་འཐོར་སྟངས་དེ་ཙམ་མ་ཡིན།

སྨྲ་བ་མེད་པའི་སྒྲོ་སྤུ་གང་ཞིག།

ཁ་བ་དང་སྐེ་འཇུ་ཐེངས་གཅིག་གིས་ཡིན།

སྟོན་ཁའི་མིག་ཀོང་ན།

འགོ་བོ་དུད་པའི་སྙེ་མ་དག་གི་བྲང་གཞུང་ནས་བོར་བའི་ཟླ་བརྒྱད་པ།

ཁ་བས་སྤུད་པའི་མཐོན་པོ་གང་ཞིག་གི་འོག་གདན་དུ་གྱུར།

གྲང་རེག་གི་ལག་པ་བསྲིངས་ཡོང་བའི་སྒེའུ་ཁུང་གི་འགྲམ་དུ།

ངོས་གཉིས་ལ་མདོག་མི་འདྲ་བའི་སྒྲིབ་ཡོལ་ཞིག་བཀལ་འདོད།

མཁའ་དབྱིངས་ཀྱི་ཆུ་རྡུལ་མཐའ་དག།

སེམས་གཞུང་ཁོ་ན་ལ་བཞུར་བའི་གནའ་གཏམ་དུ་གྱུར་ཅིང་།

ཆུ་ཕྲན་ཡང་སྨྲ་བ་འགགས་ནས་ཆབ་རོམ་གྱིས་སྡོམ་དུས།

ཁ་བ་ནི་ཁ་བ་མ་ཡིན། ཞེན་ཆགས་ཀྱི་མཐུད་རིམ་ཡང་མ་ཡིན།

སྙན་ངག་གི་མེ་རོ་ལ།

ལུས་ངག་ཡིད་གསུམ་གླན་སྙིང་བྱུང་བའི།

རྒྱང་མིག་གི་རྡོག་འགྲོས་ལ་སྐྱ་ཐིག་གིས་ལམ་བུ་བཟོས་རྗེས།

ཁོ་བོས་མེ་ཏོག་གི་འདབ་ལོར་ཁ་བའི་གཤོག་པ་ཡ་གཅིག་བྲིས་ཤིང་།

སེམས་གཞུང་ལ་ཞེན་ཆགས་ཀྱི་ཁ་བ་འབབ་འགོ་ཚུགས།

༼ པུར་རྒྱལ་བ། ༽