ཚགས་པར།
ཁམས་པའི་ཚགས་པར།
གོང་གི་སྲིད་བཟང་དམངས་ལ་སྒྲོག་པའི་གསེར་གྱི་རྒྱ་གླིང་།
དམངས་ཀྱི་དཀའ་ངལ་གོང་ལ་ཞུས་པའི་རེ་བའི་ས་བོན།
གོང་འོག་མཛའ་མཐུན་རིང་དུ་སྦྲེལ་བའི་གསེར་གྱི་ཟམ་པ།
གསེར་གྱི་ཟམ་པ་དེ་ཡིན།
དུས་དེབ།
ཁམས་པའི་འཛུམ་རིས།
སྲོལ་གྱི་འོད་ཀོར་དབྱིངས་ནས་འཚེར་བའི་དུང་གི་ཟླ་བ།
རྒྱུན་བཟང་འོད་ཀྱིས་བསྐྱངས་པའི་དུས་ཀྱི་ཕོ་ཉ།
ཁམས་ཀྱི་དམངས་སྲོལ་གངས་ལ་བཀྲ་བའི་དངུལ་གྱི་མེ་ལོང་།
དངུལ་གྱི་མེ་ལོང་དེ་ཡིན།
འཕྲིན་སྦྱོར།
གངས་དཀར་པོ།
ཁམས་ཀྱི་འཕོ་འགྱུར་འཛམ་གླིང་ལ་སྒྲོག་པའི་རིག་པའི་ཁྱེའུ།
གླིང་གི་གནས་ཚུལ་སྤྱན་ལམ་དུ་བཀྲ་བའི་དུས་ཀྱི་ཤོག་ལྷེ།
ཡུལ་གྱི་ལྟད་མོ་སྐད་ཅིག་གིས་མཐོང་བའི་གཡུ་ཡི་སྒེའུ་ཁུང་།
གཡུ་ཡི་སྒེའུ་ཁུང་དེ་ཡིན།
༼ མིག་དོན། ༽
