国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音

  • 日
    历
  • 上
    一
    期
  • 下
    一
    期

གཞུང་ཁོངས་ལྗོངས་ཁུལ་གྱི་དོ་དམ་སྒྲིག་སྲོལ་དང་ལམ་སྲོལ་བཅོས་བསྒྱུར་ལ་སྐུལ་འདེད་གཏང་དགོས།

( པར་ངོས་དང་པོར་མཐུད།)

ཚོགས་འདུར་ཤེས་རྟོགས་བྱུང་བར་གཞིགས་ན། ཕྱིན་ཆད་སི་ཁྲོན་ཞིང་ཆེན་གྱིས“དབང་གསུམ་ལོགས་འབྱེད”ཀྱི་བཅོས་བསྒྱུར་འགག་གཏོར་བྱེད་སྟངས་སྤྱད་དེ་མཛེས་ལྗོངས་ཁུལ་རེར་ཐབས་ཇུས་རེ་དང་།གོམ་སྟབས་ཕྱེས་ནས་ལག་བསྟར་བྱ་རྒྱུ་རྒྱུན་འཁྱོངས་བྱ་རྒྱུ་ཡིན་པ་རེད། དོ་དམ་སྒྲིག་སྲོལ་ལམ་སྲོལ་མཐུན་སྦྱོར་བྱེད་པ་དང་ལྗོངས་ཁུལ་གྱི་ལས་རིགས་རྣམ་པ་གསར་པ་རིམ་སྤོར་བྱེད་པ། ལྗོངས་ཁུལ་གྱི་འབྲེལ་ཐག་གཙོ་བོའི་གཉེར་སྐྱོང་ཁེ་ལས་གསོ་སྐྱོང་བྱེད་པ་སོགས་བཅོས་བསྒྱུར་དང་སྐུལ་འདེད་གཏང་རྒྱུ།དེ་དང་ཆབས་ཅིག་ད་ལོརAལྔ་རིམ་པ་དང་ལོ་རེར་ཡུལ་སྐོར་བ་ཁྲི100ལས་བརྒལ་བའིAབཞི་རིམ་པའི་གཞུང་ཁོངས་ལྗོངས་ཁུལ115ལ་བཅོས་བསྒྱུར་བྱེད་འགོ་འཛུགས་པའམ་ཡང་ན་རྒྱུན་མཐུད་དེ་བཅོས་བསྒྱུར་མཐར་ཕྱིན་བྱ་རྒྱུར་བསྐུལ་བ་དང་། 2027ལོརAབཞི་རིམ་པ་ཡན་གྱི་གཞུང་ཁོངས་ལྗོངས་ཁུལ་དུ་བཅོས་བསྒྱུར་ཁྱོན་ཡོངས་ནས་བསྐུལ་ཏེ་གཞུང་ཁོངས་ལྗོངས་ཁུལ་འཕེལ་རྒྱས་ཀྱི་སྒུལ་ནུས་གང་ལེགས་འདོན་སྤེལ་བྱ་རྒྱུ་རེད།

ཞིང་ཆེན་སྲིད་གཞུང་གི་ཞིང་དཔོན་གཞོན་པ་ཧུའུ་ཡུན་ཚོགས་འདུར་ཞུགས་ཤིང་གསུང་བཤད་གནང་། ཞིང་ཆེན་རིག་གནས་ཡུལ་སྐོར་ཐིང་ཏང་ཚན་ཁག་གི་ཧྲུའུ་ཅི། ཐིང་ཀྲང་ཁྲེན་ཀོང་ཧའོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་། དཀར་མཛེས་ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་ཡིས་ཤིས་ཚིག་ཕུལ་བ་དང་། ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཡུས་ཆུང་གྲོས་ཚོགས་སུ་ཞུགས་པ་རེད།། ( ལྷ་འཛོམས་ཀྱིས་བསྒྱུར།)