国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音

  • 日
    历
  • 上
    一
    期
  • 下
    一
    期

( པར་ངོས་དང་པོར་མཐུད།)རྒྱལ་ཁབ་ཀྱི་མཐོ་སྒང་གསོ་རིག་ལྟེ་གནས་གཏོད་རྒྱུ་གོ་སྐབས་སུ་བྱས་ཏེ། ཧྭ་ཞི་གསོ་རིག་གི་ཕྱོགས་ཡོངས་ཐོན་ཁུངས་གཅིག་གྱུར་འཆར་འགོད་བྱས་ནས་གཞན་བརྟེན་དང་རང་བརྟེན་ནུས་པ་གལ་ཆེན་མཉམ་འཛིན་དང་། གནད་སྨིན་རོགས་སྐྱོར་དང་ཕུགས་ཕན་འཛུགས་སྐྱོང་ཟུང་དུ་སྦྲེལ་བ་རྒྱུན་འཁྱོངས་ཏེ། རོགས་སྐྱོར་ལས་འགན་ཁག་དོན་ལ་འཁྱོལ་བར་སྐུལ་བ་དང་། དཀར་མཛེས་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་བར་རོགས་རམ་བྱས་ནས་མཐོ་སྒང་མི་རིགས་ཁག་གི་མང་ཚོགས་ཀྱི་བདེ་ཐང་སྲུང་སྐྱོང་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།

ཀྲའོ་པོ་དང་དབྱང་ཧུང་ཧྲོའུ་ཡིས་ཧྭ་ཞི་སྨན་ཁང་གིས་འགོ་ཁྲིད་དེ་ཁུལ་མི་དམངས་སྨན་ཁང་བཙུགས་པ་ནས་བཟུང་། ལག་རྩལ་བརྒྱུད་རོགས་ཁྲིད་གསུམ་དང་། དོ་དམ་ཉམས་མྱོང་སྤེལ་བ། ཤེས་ལྡན་མི་སྣ་རིམ་པ་གསོ་སྐྱོང་། རིག་ཚན་ཁག་ལ་རོགས་སྐྱོར་གནད་ལ་འཁེལ་བ་བཅས་བྱས་པར་བརྒྱུད་ཁུལ་མི་དམངས་སྨན་ཁང་གི་ཕྱོགས་བསྡུས་ཞབས་ཞུའི་ཆུ་ཚད་མཐོ་རུ་མངོན་གསལ་ཕྱིན་ཡོད། རང་ཁུལ་གྱིས་རོགས་སྐྱོར་དང་ལེན་དང་རང་ངོས་ཤུགས་འདོན་གཅིག་གྱུར་མཐའ་གཅིག་ཏུ་བྱེད་ཅིང་། ཤུགས་ཡོད་རྒུས་གྲུབ་རྐྱེན་གཙོ་བོའི་འགན་ལེན་ཡག་པོ་བྱེད་པ་དང་སྔོན་ལ་ཞབས་ཞུ་འབྲེལ་མཐུད་ཡག་པོ་བྱས་ནས་སི་ཁྲོན་སློབ་ཆེན་དང་སི་ཁྲོན་སློབ་ཆེན་ཧྭ་ཞི་སྨན་ཁང་དང་ལག་གདང་དཔུང་སྦྲེལ་ངང་མཉམ་དུ་བསྐྱོད་དེ་ས་གནས་དེ་གའི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་། གཙོ་གནད་ཆེད་སྦྱོང་ཚན་ཁག་མཉམ་སྐྲུན། རྒྱང་ཁྲིད་ཞབས་ཞུ་མཉམ་སྐྲུན། མཉམ་ལས་ཁྱབ་ཁོངས་མཉམ་གཏོད་བཅས་བྱས་ནས་དཀར་མཛེས་ཁུལ་གྱི་སྨན་བཅོས་བྱ་གཞག་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་བསྐུལ་རྒྱུ་ཡིན་ཞེས་གསུངས་པ་རེད།།

( བདེ་སྐྱིད་ཀྱིས་བསྒྱུར།)