国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音

  • 日
    历
  • 上
    一
    期
  • 下
    一
    期

ཀྲའོ་པོ་ཡིས་དཀར་མཛེས་ཁུལ་གྱིས“ཁུལ་གསུམ”མི་རིགས་ས་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་རོགས་སྐྱོར་ལེགས་སྤར་བྱ་སྤྱོད་དོན་ལ་འཁྱོལ་བའི་ལས་དོན་སྤེལ་འགོ་འཛུགས་པའི་ཚོགས་འདུར།

གོ་སྐབས་དམ་འཛིན་དང་བྱས་པ་ལྷུར་ལེན། ཤུགས་གཡར་རོགས་དན་བཅས་བྱས་ཏེ། ཁུལ་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུ་སྤུས་འབྲས་འཕར་བར་བསྐུལ་དགོས་གསུངས།

སྤྱི་ཟླ11པའི་ཚེས5ཉིན། དཀར་མཛེས་ཁུལ་གྱིས“ཁུལ་གསུམ”མི་རིགས་ས་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་རོགས་སྐྱོར་ལེགས་སྤར་བྱ་སྤྱོད་དོན་འཁྱོལ་བྱེད་པའི་ལས་དོན་འགོ་ཚུགས་ཚོགས་འདུ་དར་མདོ་རུ་འཚོགས་པ་དང་ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་། ཁོང་གིས་འཕྲོད་བསྟེན་བདེ་ཐང་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱས་བཤད་གལ་ཆེན་སློབ་སྦྱོང་མཐར་ཕྱིན་པ་བྱེད་ཅིང་། རྒྱལ་ཡོངས་ཀྱི་འཕྲོད་བསྟེན་དང་བདེ་ཐང་ཚོགས་ཆེན་དང་ཞིང་ཨུའི་ཆེད་དོན་ཚོགས་འདུའི་སྙིང་དོན་དོན་ལ་ནན་ཏན་འཁྱོལ་བ་དང་། སྡོད་བཟོད་མི་ཐུབ་པ་དང་སྒུག་རེ་མི་ཐུབ་པ། དལ་འགྱངས་མི་རུང་བ་བཅས་ཀྱི་ཁ་ཚ་དགོས་གཏུགས་ཀྱི་འདུ་ཤེས་ཐོག་ནས་གོ་སྐབས་དམ་འཛིན་དང་བྱས་པ་ལྷུར་ལེན། ཤུགས་གཡར་རོགས་དན་བཅས་བྱས་ཏེ་ཁུལ་ཡོངས་ཀྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་སྤུས་འབྲས་འཕར་བར་སྐུལ་འདེད་མགྱོགས་སུ་བཏང་ནས་མི་རིགས་མཐུན་སྒྲིལ་དང་ཐུན་མོང་ཕྱུག་འབྱོར་གྱི་བདེ་ཐང་རྨང་གཞི་བརྟན་པོར་ཏན་ཏིག་བསྐྲུན་དགོས་ཞེས་ནན་གསུང་གནང་བ་རེད།

ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་དབྱང་ཧུང་ཧྲོའུ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཚོགས་འདུར་ཞིང་ཆེན་ཏང་ཨུས“ཁུལ་གསུམ”མི་རིགས་ས་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་རོགས་སྐྱོར་ལེགས་སྤར་བྱ་སྤྱོད་ཞིབ་འཇུག་བཀོད་སྒྲིག་བྱེད་པའི་ཆེད་དོན་ཚོགས་འདུ་སོགས་འབྲེལ་ཡོད་ཚོགས་འདུའི་སྙིང་དོན་བརྒྱུད་སྦྱངས་དང་དཀར་མཛེས་ཁུལ་གྱི“ཁུལ་གསུམ”མི་རིགས་ས་ཁུལ་གྱི་སྨན་བཅོས་འཕྲོད་བསྟེན་རོགས་སྐྱོར་ལེགས་སྤར་བྱ་སྤྱོད་དོན་ལ་འཁྱོལ་བའི་དུས་འགོའི་ལས་དོན་གནས་ཚུལ་བརྡ་ཁྱབ་བཏང་བར་མ་ཟད། ( པར་ངོས་བཞི་པར་གཟིགས།)