སྤྱི་ཟླ11པའི་ཚེས5ཉིན། ཁུལ་ཡོངས་ཀྱི་ཡུལ་སྡེ་དར་རྒྱས་དང་དེང་རབས་ཞིང་འབྲོག་ཐོན་ལས་འཕེལ་རྒྱས་ལས་དོན་སྐུལ་འདེད་ཚོགས་འདུ་དར་མདོ་རུ་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་ཀྲའོ་པོ་ཚོགས་འདུར་ཞུགས་ཤིང་གསུང་བཤད་གནང་བ་རེད། ཁོང་གིས“ཞིང་གསུམ”ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱས་བཤད་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཏང་ཀྲུང་དབྱང་དང་ཞིང་ཨུའི་ཐབས་ཇུས་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་ལ་འཁྱོལ་བ། ཐོན་ཁུངས་ཕུན་སུམ་ཚོགས་པོར་གཞི་ཚུགས་པ་དང་བསྡུར་གཞི་ཡོད་པའི་ལེགས་ཆ་འདོན་སྤེལ། མཐོ་སྒང་གི་ཁྱད་ལྡན་ཞིང་འབྲོག་ལས་སྤུས་ལེགས་དང་སྟོབས་ཆེར་གཏོང་བ། ཞིང་སྡེ་ཁྱོན་ཡོངས་ནས་དར་རྒྱས་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་བ་བཅས་བྱས་ནས་ཞིང་ལས་སྟོབས་ཆེན་དང་ཞིང་སྡེ་མཛེས་པ། ཞིང་པ་ཕྱུག་པོ་བཅས་ཀྱི་དེང་རབས་ཅན་འཛུགས་སྐྲུན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་ཞེས་ནན་གསུང་གནང་བ་རེད།
ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་དབྱང་ཧུང་ཧྲོའུ་ཡིས་གཙོ་སྐྱོང་གནང་བ་དང་ཁུལ་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་ཧྲུའུ་ཏ་ཁྲུན་དང་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཡུས་ཆུང་ཚོགས་འདུར་ཞུགས་པ་རེད།
( པར་ངོས་བཞི་པར་གཟིགས།)
