国内统一刊号:CN51-0018-Z 中共甘孜州委机关报·甘孜日报社出版凝聚正能量·传播好声音

  • 日
    历
  • 上
    一
    期
  • 下
    一
    期

ཀྲའོ་པོ་ཡིས2026ལོའི་ཁུལ་ཨུ་གྲོས་དམག་ཚོགས་འདུ་དང་ཁུལ་ཨུ་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ལས་དོན་འགོ་ཁྲིད་ཚོ་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་གཙོ་སྐྱོང་གནང་སྐབས།

དམག་དཔུང་དང་ས་གནས་མཉམ་རོགས་དང་གཉིས་བཀུར་མཉམ་སྐྲུན་བྱས་ནས་དཀར་མཛེས་ཁུལ་གྱི་རྒྱལ་སྲུང་སྐུལ་སློང་དང་རྗེས་གྲབས་སྟོབས་ཤུགས་འཛུགས་སྐྱོང་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་བསྐུལ་དགོས་གསུངས།

དབྱང་ཧུང་ཧྲོའུ་ཚོགས་འདུར་ཞུགས།

སྤྱི་ཟླ11པའི་ཚེས6ཉིན། 2026ལོའི་ཁུལ་ཨུ་གྲོས་དམག་ཚོགས་འདུ་དང་ཁུལ་ཨུ་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ལས་དོན་འགོ་ཁྲིད་ཚོ་ཆུང་(ཁུལ་གཉིས་བཀུར་ལས་དོན་འགོ་ཁྲིད་ཚོ་ཆུང)གི་ཚང་འཛོམས་གྲོས་ཚོགས་ཐེངས་ལྔ་པ་དར་མདོར་འཚོགས། ཁུལ་ཨུའི་ཧྲུའུ་ཅི། དཀར་མཛེས་ཡན་ལག་དམག་ཁུལ་ཏང་ཨུའི་ཧྲུའུ་ཅི་དང་པོ་ཀྲའོ་པོ་ཡིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་གསུང་བཤད་གནང་། ཁོང་གིས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་དང་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མིའི་ཞབས་ཞུ་འགན་ལེན་ལས་དོན་དང་གཉིས་བཀུར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་ཏེ། ཏང་གིས་དྲག་ཆས་ལ་དོ་དམ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་མཐའ་གཅིག་ཏུ་འཁུར་བ་དང་། དམག་དཔུང་དང་ས་གནས་མཉམ་རོགས་ལ་སྔར་བས་ཤུགས་རྒྱག་པ་དང་གཉིས་བཀུར་མཉམ་སྐྲུན་བྱེད་ཤུགས་ཆེ་རུ་བཏང་ནས་དཀར་མཛེས་ཁུལ་གྱི་རྒྱལ་སྲུང་སྐུལ་སློང་དང་རྗེས་གྲབས་སྟོབས་ཤུགས་འཛུགས་སྐྱོང་འཕེལ་རྒྱས་སྤུས་ཚད་མཐོན་པོ་ཡོང་བར་ཤུགས་ཡོད་རྒུས་བསྐུལ་དགོས་ཞེས་ནན་གསུང་གནང་བ་རེད།

( པར་ངོས་བཞི་པར་གཟིགས།)