སྤྱི་ཟླ11པའི་ཚེས5ཉིན། ཁུལ་ཡོངས་ཀྱི་ཨང་ཀིའི་སྲིད་གཞུང་འཛུགས་སྐྱོང་ལས་དོན་སྐུལ་འདེད་ཚོགས་འདུ་དར་མདོར་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པ། ཁུལ་དཔོན་དབྱང་ཧུང་ཧྲོའུ་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་། ཨང་ཀིའི་ཀྲུང་གོ་འཛུགས་སྐྱོང་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བསྟར་བ་དང་། ཞིང་ཆེན་ཡོངས་ཀྱི་ཨང་ཀིའི་སྲིད་གཞུང་འཛུགས་སྐྱོང་ལས་དོན་སྐུལ་འདེད་ཚོགས་འདུའི་སྙིང་དོན་ཁྱོན་ཡོངས་ནས་དོན་ལ་འཁྱོལ་ནས། ལེགས་ཆ་དང་ཁྱད་ཆོས་ཆེ་རུ་གཏོང་བ་དང་ཞན་ཆ་གསབ་པ། གསལ་ཆ་བཏོན་ཏེ་ཁུལ་ཡོངས་ཀྱི་ཨང་ཀིའི་སྲིད་གཞུང་འཛུགས་སྐྱོང་སྤུས་ཚད་དང་ཆུ་ཚད་ཁྱོན་ཡོངས་ནས་མཐོ་རུ་གཏོང་བ་དང་། དངོས་སྒྲུབ་ཀྱི་གྲུབ་འབྲས་དངོས་ལ་བརྟེན་ནས་ཀྲུང་གོའི་ལུགས་དེང་རབས་ཅན་དཀར་མཛེས་ཁུལ་འཛུགས་སྐྲུན་གྱི་ལེའུ་གསར་པ་བརྩམ་དགོས་ཞེས་ནན་གསུང་གནང་བ་རེད།
( པར་ངོས་བཞི་པར་གཟིགས།)
